
ལྷ་སའི་ས་གཙང་འབྱུང་འཕྲོད་བདེ་ཐང་ཐོན་རྫས་ཚོང་འདུས།
སྤྱི་ཟླ8ཚེས14ཉིན་པེ་ཅིང་དང་ཧྲང་ཧའེ། ཅང་སུའུ། ཀོང་ཏུང་། ཧུའུ་ནན། ཀུའེ་ཀྲོའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་མཁས་པ་དང་། ས་གནས་དེ་གའི་སྐད་གྲགས་ལྡན་པའི་ཁེ་ལས་མཁས་ཅན། གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཚན་པའི་འགོ་ཁྲིད་སོགས་མི350ལྷག་ཙམ་གངས་ལྗོངས་གནས་མཆོག་ལྷ་སར་དགའ་འཛོམས་བྱས་པ་རེད།
ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཧོ་ཧྲོའུ་སུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་ཞོ་སྟོན་རིང་ས་གཙང་བདེ་ཐང་འབྱུང་འཕྲོད་ཐོན་ལས་ཀྱི་ཚོང་འགུག་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་འདུ་ཚོགས་ཐོག་ཚོང་འགུག་མ་འདྲེན་རྣམ་གྲངས79ངོ་འཕྲད་གྲོས་མོལ་ལེགས་སྒྲུབ་བྱུང་བས་ཁྱོན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར194.84 ཟིན་ཡོད་པ་རེད།