དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་རུམ་ཐོན་ལས་འདི་ཉིད་མི་རིགས་ལག་ཤེས་བཟོ་ལས་ཀྱི“སྣེ་ཁྲིད་པར”གྱུར་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-08-22

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་བོད་རུམ་ཐོན་ལས་ཀ་རྟེན་དུ་བྱེད་པའི་མི་རིགས་ལག་ཤེས་བཟོ་ལས་གཙོ་གནད་དུ་འཕེལ་རྒྱས་བཏང་སྟེ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་གསར་འབྱེད་བྱས་པ་རེད། 2000ལོར་བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་ནང་བོད་རུམ་ཐོན་ལས་བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི“སྣེ་ཁྲིད་པར”གྱུར་ཡོད་པ་རེད། 

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ནང་གཙོ་བོ་བོད་རུམ་དང་། ཐང་ཁ། བོད་གྲི། པང་གདན། སྣམ་བུ་སོགས་ཡོད་པ་རེད། ད་བར་ལོ་2000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་རུམ་འདི་ཉིད་རྦད་དེ་ལག་པས་འཐག་པ་དང་བོད་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ནང་དོན་མཚོན་ཡོད་ལ། བོད་མི་རིགས་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱི་མཆོག་ནོར་ཞིག་ཀྱང་ཡིན་པས་པར་སིག་གི་ས་གདན་དང་ཤར་ཕྱོགས་སྒྱུ་རྩལ་མཚོན་པའི་རུམ་དང་མཉམ་དུ“རུམ་ཆེ་གྲས་གསུམ”ཞེས་སུ་གྲགས།    

    བོད་དུ་ད་ཆ་བོད་རུམ་ཐོན་སྐྱེད་ཁེ་ལས་གཙོ་བོ་10ཙམ་ཡོད་པ་དེ་དག་མིག་སྔར་བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཡོང་འབབ་གཏོད་པའི་ཀ་རྟེན་ཁེ་ལས་སུ་གྱུར་པ་གཙོ་བོ་ལྷ་ས་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ། ནག་ཆུ་སོགས་ས་ཁུལ(གྲོང་ཁྱེར)དུ་གཅིག་ཏུ་བསྡུས་ཡོད་པ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བོད་རུམ་བཟོ་གྲྭའི་ཁྲང་ཀྲང་ཚེ་རིང་སྒྲོལ་དཀར་གྱིས། བོད་རུམ་གྱིས་ཡོངས་སུ་ལག་པས་འཐག་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་རྣམ་པ་སྔར་བཞིན་རྒྱུན་འཛིན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལག་པས་འཐག་པའི་བོད་རུམ་དང་ཐོག་ལག་པས་རི་མོ་འབྲི་བ་དང་དེ་རྗེས་ཤད་པ་དང་། གསེད་པ། ཚོས་རྒྱག་པ། སྐུད་པ་བསྡོགས་པ་སོགས་ཀྱི་གོ་རིམ་བརྒྱུད་འཐག་པ་དང་བཟོ་རྩལ་ཧ་ཅང་རྙོག་འཛིང་ཆེན་པོ་ཡོད། རིང་ཚད་སྨི་1.9དང་ཞེང་ཚད་ལ་སྨི་0.9ཡོད་པའི་བོད་རུམ་གཅིག་ལག་རྩལ་བྱང་ཆུབ་པའི་ལས་བཟོ་གཅིག་གིས་ཉིན་20ཡི་ནང་གཞི་ནས་བཏགས་ཚར་ཙམ་ཡོད་པ་རེད།

    བོད་རུམ་འཐག་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་སྟེ། ཚོས་གཞི་ཧར་པོ་ཡོད་ལ་ཚོས་སྤེལ་མ་ཡག་པོ་བྱས་ཡོད་པ་དང་། ཁ་གདན་གྱི་ངོས་འབོལ་པོ་དང་འཇམ་པོ་ཡོད་པ། འཁྲུ་སྐབས་ཚོས་མ་ལོག་པ། སྤུ་མ་བུད་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ལ། སྤྱོད་ཤན་ཆེ་ཁར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚོས་དང་རི་མོ་བརྒྱབ་ཡོད་པར་སྤྱོད་གོ་ཆོད་པ་དང་བེད་སྤྱོད་དང་ཉར་ཚགས་ཀྱི་རིན་ཐང་ཡང་ཆེན་པོ་ལྡན་ཡོད། ད་ཆ་བོད་རུམ་ཨ་རི་དང་། འཇར་མན། ཁ་ན་ཀྲ་སོགས་ཡོ་རོབ་རྒྱལ་ཁབ་དང་། དེ་བཞིན་ཨེ་ཤ་ཡའི་ཤར་ལྷོའི་ས་ཁུལ། རྒྱལ་ནང་གི་ཁྲོམ་ར་བཅས་སུ་འཚོང་བས་ཐོན་རྫས་མཁོ་མང་སྤྲོད་ཉུང་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།