དབུ་ཤོག>ཞིང་འབྲོག་གསར་པ།
  • སྣ་དཀར་རྩེ་རྫོང་དུ་ཐོག་འགོག་གི་ཚན་རིག་ཁྱབ་གདལ་གཏོང་བའི་སྒྲོག་འགྲེལ་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-18

    གསར་འགོད་པར་རང་སྐྱོང་ལྗོངས་གནམ་གཤིས་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། མང་ཚོགས་ཀྱི་ཐོག་འགོག་ཉེན་གཡོལ་དང་འཕྲལ་སྡོམ་རང་སྐྱོབ་དང་སྐྱོབ་རེས་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་ལྷོ་ཁ་ས་ཁུལ་གནམ་གཤིས་ཅུས་དང་སྣ་དཀར་རྩེ་རྫོང་གནམ་གཤིས་ཅུས་ཀྱིས་ཐོག་འགོག་ཚན་རིག་ཁྱབ་གདལ་གཏོང་བའི་སྒྲོག་འགྲེལ་བྱེད་སྒོ་སློབ་གྲྭ་དང་། དགོན་སྡེ། གྲོང་གསེབ་བཅས་སུ་སྤེལ་བར་རྒྱ་ཆེའི་དགེ་སློབ་དང་། ཞིང་འབྲོག་མང་ཚོགས། དགོན་སྡེའི་དགེ་འདུན་པ་བཅས་ཀྱི་དགའ་བསུ་ཐོབ་པ་རེད། 

    བྱེད་སྒོའི་ཁྲོད་ཐོག་འགོག་ལག་རྩལ་མི་སྣ་སྔ་རྗེས་སུ་སྣ་དཀར་རྩེ་རྫོང་སློབ་འབྲིང་དང་། བསམ་སྡིངས་དགོན། སྣ་དཀར་རྩེ་གྲོང་ཚོ་བཅས་སུ་བསྐྱོད་ནས་དགེ་སློབ་དང་། མང་ཚོགས། དགེ་འདུན་པ་བཅས་ལ་ཐོག་རྒྱག་གློག་འཁྱུག་ཐོན་པའི་གནས་ལུགས་དང་། ཉེན་ཁ། བོད་ཀྱི་ཐོག་རྒྱག་གློག་འཁྱུག་གི་ཁྱད་ཆོས་བཅས་ངོ་སྤྲོད་བྱས་པ་དང་འབྲེལ། འཚོ་བའི་ཁྲོད་ཀྱི་ཐོག་རྒྱག་པའི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་ཁོང་ཚོར་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་ཐོག་འགོག་ཤེས་བྱ་འཆད་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།