དབུ་ཤོག>ཞིང་འབྲོག་གསར་པ།
  • ཆུ་གསུམ་གྲོང་རྡལ་གྱིས་རིག་གནས་ས་ཚིགས་ཀྱི་འཐབ་ས་མདུན་མའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-12

    རྒྱལ་ཁབ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་བཙུགས་ཚུན། ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གྱིས་ཤང(གྲོང་རྡལ)རིག་གནས་ས་ཚིགས་ཀྱི་འཐབ་ས་མདུན་མའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    གྲོང་རྡལ་དེ་ཡོངས་ཀྱི་མང་ཚོགས་ཚོའི་རིག་གནས་གར་སྟེགས་འཁྲུག་ཏུ་བཏང་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཆུ་གསུམ་གྲོང་རྡལ་གྱིས་རྒྱ་ཆེའི་ལས་བྱེད་མང་ཚོགས་སྒྲིག་འཛུགས་བྱས་ནས་རིག་རྩལ་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་ངང་སྤེལ་ཞིང་། “ལྷ་རྒྱ་རིའི་གླུ་གཞས་འགྲན་བསྡུར”གྱི་བྱེད་སྒོ་སྤེལ་ཏེ་གྲོང་རྡལ་རིག་གནས་ས་ཚིགས་ཀྱིས་ལན་ཆིའུ་སྤོ་ལོ་དང་། ཕའེ་ཆིའུ་སྤོ་ལོ། ཐག་འཐེན་སོགས་ལུས་རྩལ་འགྲན་བསྡུར་ཐེངས་19ལྷག་ཙམ་སྒྲིག་འཛུགས་བྱས་པར་ལས་བྱེད་མང་ཚོགས་1000ལྷག་ཙམ་ཞུགས་པས་ཆུ་གསུམ་གྲོང་རྡལ་གྱི་རིག་གནས་འཚོ་བའི་རྣམ་པ་ཧ་ཅང་འཁྲུག་ཏུ་ཕྱིན་ཡོད། དེ་དང་ཆབས་ཅིག་རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རིག་གནས་ཐོན་ཁུངས་སྔོག་འདོན་དང་སྲུང་སྐྱོང་ཐད་ཤུགས་སྣོན་བརྒྱབ་པའི་ཁར། དམངས་ཁྲོད་ཀྱི་སྒྱུ་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྙན་གྲགས་ཆེ་རུ་བཏང་བས་ད་ཆ་གྲོང་རྡལ་དེར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གཉིས་ཡོད་པ་སྟེ། གོང་ཁང་གསར་རྫ་ཆས་བཟོ་རྩལ་དང་ཆུ་གསུམ་གྲོང་ཚོའི་བླ་མ་མ་ཎི་གཉིས་ཡིན། ཆུ་གསུམ་གྲོང་རྡལ་གྱིས་གྲོང་རྡལ་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་ལས་དོན་ལེགས་སྒྲུབ་བྱས་པའི་ཁྲོད་གློག་རྡུལ་དཔེ་དེབ་ཁང་དང་། དཔེ་དེབ་ལྟ་ཁང་། རོལ་རྩེད་བྱེད་སྒོ་ཁང་སོགས་བཙུགས་པ་མ་ཟད། ད་དུང་དཔེ་དེབ་2000ལྷག་ཙམ་དང་རིག་གནས་སྒྲིག་བཀོད་གཞན་དག་བསྣན་ནས་ཆུ་གསུམ་གྲོང་རྡལ་གྱི་དེང་རབས་ཅན་གྱི་གྲོང་རྡལ་ཆུང་ངུ་རྩེ་གྲའི་གཟུགས་བརྙན་བཏོད་ཡོད་པ་རེད།

    ཆུ་གསུམ་གྲོང་རྡལ་གྱིས་དངོས་ཡོད་དང་ཟུང་འབྲེལ་སྒོས་རིག་གནས་འཛུགས་སྐྲུན་སྣ་ཚོགས་བྱས་པའི་ལག་ལེན་དང་ཉམས་མྱོང་གིས་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་དང“ཤེས་དཔལ་ཁྱིམ་ཚང”དཔྱད་བསྡུར་བྱེད་པ་སོགས་ཀྱི་བྱེད་སྒོ་མཉམ་སྦྲེལ་བྱས་པ་རེད། གྲོང་ཚོ་ཁག་གི་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་ཐེངས་18བྱས་པ་མ་ཟད“ལྔ་དྲུག”ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་དང་དུད་ཚང་ཁྲི་སྟོང་ལ་བཅའ་ཁྲིམས་འགྲེལ་བཤད་རྒྱག་པའི་དྲིལ་བསྒྲགས་བྱེད་སྒོའང་སྤེལ་བ་རེད། འདི་ལོ་ཚུན་དུ་གྲོང་རྡལ་དེ་ཡོངས་སུ་ཉེར་མཁོའི་ལག་རྩལ་སྣ་ཚོགས་གསོ་སྦྱོང་འཛིན་གྲྭ་སྐབས་8གཉེར་བའི་ཁར་མི་ཐེངས་1000ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་པར་མང་ཚོགས་468ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ནས་ཆུ་གསུམ་གྲོང་རྡལ་གྱི་མང་ཚོགས་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།