
ཞིང་ལས་འཕྲུལ་ཆས་ཅན་རྒྱུན་ཆད་མེད་པར་ཁྱབ་གདལ་འགྲོ་བ་དང་ཆབས་ཅིག་རང་ལྗོངས་ཀྱིས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་སྐབས་ཞིང་འཕྲུལ་ཡོ་བྱད་སྤྱོད་ཚད་ཇེ་མང་དུ་འགྲོ་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཞིང་འབྲོག་ཅུས་ཀྱིས་ལག་རྩལ་མི་སྣ་སྒྲིག་འཛུགས་ཀྱིས་གྲོང་གསེབ་ཁག་ཏུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ལག་རྩལ་མཛུབ་ཁྲིད་བྱས་པས་ཞིང་འབྲོག་པར་ཐོན་འཕར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཤིང་། འདི་ནི་རྒྱལ་རྩེ་རྫོང་ཞིང་འབྲོག་ཅུས་ཀྱི་ལག་རྩལ་མི་སྣས་ཞིང་པར་བརྔ་བསྡུ་འཕྲུལ་འཁོར་སྤྱོད་སྟངས་སློབ་པའི་གནས་ཚུལ་ཡིན་པ།