དབུ་ཤོག>ཞིང་འབྲོག་གསར་པ།
  • ​ ཨར་ལས་རླངས་འཁོར་རང་དགར་བཟོ་བཅོས་བརྒྱབ་ཚེ་ལག་ཁྱེར་བསྡུ་རྒྱུ་མ་ཟད་དངུལ་ཆད་གཏོང་རྒྱུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-28

    ལྷ་ས་གྲོང་ཁྱེར་གྱི་ཟོག་འདྲེན་རླངས་འཁོར་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་གྱིས་ཟོག་འདྲེན་རླངས་འཁོར་ལ་བཅོས་སྒྲིག་བྱེད་པ་དང་ཆབས་ཅིག ཟོག་འདྲེན་རླངས་འཁོར་རང་དགར་བཟོ་བཅོས་རྒྱག་པའི་བྱེད་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་བ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་གྱི་ཁོངས་གཏོགས་ཁུལ་གང་སར་ཨར་སྐྲུན་བྱེད་བཞིན་ཡོད་སྟབས་ཁོངས་གཏོགས་ཁུལ་དུ་ཨར་ལས་རླངས་འཁོར་མང་ཙམ་ཡོད་ལ། རླངས་འཁོར་བཟོ་བཅོས་བརྒྱབ་པའི་སྣང་ཚུལ་ཡང་མང་པོ་ཡོད་པ་དང་། རླངས་འཁོར་མང་ཆེ་བས་འཁོར་སྒྲོམ་མཐོ་རུ་གཏོང་གི་ཡོད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་གྱི་རུ་དཔོན་པ་ནོར་གྱིས། ན་ནིང་ང་ཚོའི་ཁོངས་གཏོགས་ནས་བཟོ་བཅོས་བརྒྱབ་པའི་རླངས་འཁོར་300ཞིབ་བཤེར་ཐུབ་ནས་འཁོར་སྒྲོམ་མཐོ་རུ་བཏང་བའི་རླངས་འཁོར་གྱི་འཁོར་སྒྲོམ་བཤིག་ཏུ་བཅུག་པ་ཡིན། ད་ལོ་རླངས་འཁོར་བཟོ་བཅོས་བརྒྱབ་པའི་སྣང་ཚུལ་མངོན་གསལ་འདོད་པོས་ཉུང་དུ་ཕྱིན་འདུག་ཀྱང་སྣང་ཚུལ་དེ་རིགས་སྔར་བཞིན་འདུག ད་ཐེངས་ང་ཚོས་གྲོང་ཁྱེར་ཡོངས་ཀྱི་ཟོག་འདྲེན་རླངས་འཁོར་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ནང་ཁོངས་གཏོགས་ཁུལ་གྱི་འཁོར་སྒྲོམ་མཐོ་རུ་བཏང་བའི་ཟོག་འདྲེན་རླངས་འཁོར་ཤེས་རྟོགས་ཐུབ་རིགས་ཚང་མ་བཤིག་ཏུ་འཇུག་རྒྱུ་དང་ལག་ཁྱེར་བསྡུ་བ་དང་ཆབས་ཅིག་དངུལ་ཆད་སྒོར་500གཏོང་རྒྱུ་ཡིན། ད་དུང་འཁོར་སྒྲོམ་མཐོ་རུ་བཏང་བའི་རླངས་འཁོར་ཚད་གཞི་ལྟར་རང་སོར་བཟོས་རྗེས་གཞི་ནས་ལག་ཁྱེར་སྤྲོད་རྒྱུ་དང་ལམ་དུ་སྐྱོད་འཇུག་གི་ཡིན”ཞེས་ཤོད་ཀྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།