
བོད་ལྗོངས་ཐོན་པའི་གནའ་བོའི་སྤོས་ཚད་ཡོད་ཀུང་སིའི་ལས་བཟོ་བས་སྤོས་བཟོ་བཞིན་པ།
ལོ་མང་རིང་འཕེལ་རྒྱས་བཏང་བ་བརྒྱུད་རང་ལྗོངས་ཀྱི་སྤོས་ཐོན་ལས་དེ་འཕེལ་རྒྱས་གཏོང་ཤེད་ཆེ་བའི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ཡོད། སྤོས་ཐོན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ལས་སྣོན་བཟོ་རྩལ་དང་ནུས་པར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་དགའ་བསུ་ཐོབ་པ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པ་རེད།