
ཁྲེང་ཀོན་ཆུས་བཞོན་མ་གསོ་ཚགས་ལྟེ་གནས་དེ་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་གཉིས་པར་གནས་པ་དང་། ཁྱོན་མ་དངུལ་སྒོར་ཁྲི་14401བཏང་བའི་ནང་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་ཁྲི་8101དང་བཞོན་མ་ཉོ་བར་སྒོར་ཁྲི་6000བཏང་ཡོད་ལ། ས་ཆའི་རྒྱ་ཁྱོན་མུའུ་220བཟུང་ཡོད། དེའི་ནང་བ་ཚང་དང་། འོ་མ་འཇོ་ཁང་། གཟན་ཁང་། སྒྲིག་ཆས་སོགས་ཡོད་ཅིང་། འདི་ནི་འོ་མ་འཇོ་ཁང་དུ་བཞོན་མ་རྣམས་དུས་གཅིག་ཏུ་འོ་མ་འཇོ་བའི་གནས་ཚུལ་ཡིན་པ།