ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་དང་ལེགས་ལྡན་ཐོན་རྫས་ལ་དམིགས་ནས་ཞིང་འབྲོག་པ་ཆེད་ལས་ཅན་གྱི་ཐོན་སྐྱེད་བྱ་རྒྱུ་སྒྲིག་འཛུགས་ཀྱིས་ཆེད་ལས་གྲོང་ཚོ་དང་ཆེད་ལས་དུད་ཚང་མང་དག་ཅིག་ལ་སྐུལ་མ་བཏང་བས། ཁྱད་ཆོས་ལྡན་པའི་ཐོན་ལས་དར་ཁུལ་དང་ཐོན་ལས་ཁྱུ་ཚོགས་ཆགས་པ་དང་ཞིང་འབྲོག་ལས་ཐོན་ལས་ཀྱི་ས་ཁོངས་ཅན་གྱི་བཀོད་པ་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལ་སྐུལ་མ་ནུས་ལྡན་ཐེབས་ཤིང་།

སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ལས་དོན་པས་སྒོ་ང་བསྙལ་སྒམ་ནང་བླུགས་པའི་གནས་ཚུལ་ཡིན་པ།

2013ལོར་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་གྲོང་ཚོའི་དབང་འདུས་ཀྱིས་གྲོང་ཚོ་དེ་གའི་དུད་ཚང་50ཡི་སྣེ་ཁྲིད་དེ་རྒྱལ་པོ་རྩམ་པ་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཐོན་རྫས་དེ་དག་ལྷ་ས་དང་། ནག་ཆུ། འདམ་གཞུང་སོགས་ཀྱི་ཁྲོམ་རའི་ཐོག་བྲིན་ཚོང་བྱས་པས་ལོ་ལྟར་རྩམ་པ་ཁྲོམ་རར་འདོན་ཚད་རྒྱ་མ་ཁྲི་45ཟིན་པ་དང་ལོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་21ཟིན་པ་ནས་ལོ་མཇུག་ཏུ་མཉམ་ལས་ཁང་གི་མང་ཚོགས་ཚོར་ཡོང་འབབ་སྒོར་16000བགོ་བཤའ་རྒྱག་གི་ཡོད་ཅིང་། འདི་ནི་མཉམ་ལས་ཁང་གི་ལས་མིས་ཡོས་གཙང་བཟོ་བྱེད་པའི་གནས་ཚུལ་ཡིན་པ།