དབྱར་ཁའི་དུས་སུ་མི་ཚོས་ཕྱི་རོལ་གྱི་རི་ཀླུང་གང་དུ་བསྐྱོད་ནའང་མགོ་ཡེངས་པའི་སྐབས་སུ་ལུས་ལ་ཟྭ་ཚོད་རེག་པས་བཟོད་སྒོམ་དཀའ་བའི་ན་ཟུག་གཏོང་གི་ཡོད། དེ་བས་ཕྲུ་གུ་ཆུང་ཆུང་ཚོས་ཧ་མ་གོ་བར་ཟྭ་ཚོད་ལ་ལག་པ་འཆང་བས་ངུ་ཤོར་བ་བཟོ་གི་ཡོད། རྒྱུ་མཚན་ནི་ཟྭ་ཚོད་ཀྱི་ལོ་མའི་ངོས་ཀྱི་བ་སྤུ་འདྲ་བའི་ཚེར་མ་དེར་རང་བཞིན་གྱི་རྫས་འགྱུར་རྒྱུ་ཆ་ཁག་ཅིག་འདུས་ཡོད་པའི་རྐྱེན་གྱིས་ཡིན། ཟྭ་ཚོད་དེ་ཡང་རིན་ཐང་ཅན་གྱི་སྔོ་སྨན་ཞིག་ཡིན་ལ་གནའ་སྔ་མོ་ནས་མི་ཚོས་སྦྱོར་སྡེབ་བྱས་ནས་ཁྲག་སྨན་དང་དུག་སྦྲུལ་གྱི་རྨུག་པའི་རྨ་གསོ་བ། གྲུམ་བུའི་ནད་རིགས་ལ་སྦྱར་སྨན་རྒྱག་པ་སོགས་སུ་སྤྱོད་ཀྱི་ཡོད། དེ་བས་ཀྱང་མི་ཚོས་ཟྭ་ཚོད་ཀྱི་ཚེར་མའི་ན་ཟུག་འཇོམས་ཐབས་ཀྱང་ཤེས་པ་ནི་ཟྭ་ཚོད་སྐྱེས་སའི་ཉེ་འགྲམ་གྱི་སྔོ་སྨན་མཁན་པ་ནག་པོ་ཡི་ལོ་མ་དེ་ཟྭ་ཚོད་ཟུགས་སའི་པགས་པའི་ངོས་སུ་འཕུར་མཉེད་བྱས་ཚེ་ན་ཟུག་འཇོམས་པ་དང་ཡང་ན་བཞའ་ཚན་ཆེ་སར་སྐྱེ་བའི་སྔོ་སྨན་སྙ་ལོ་ཡི་ལོ་མ་དེ་པགས་པའི་ངོས་སུ་འཕུར་མཉེད་བྱས་ནའང་ན་ཟུག་བཅོས་ཐུབ། དེ་མིན་གྱོན་གོས་འཁྲུ་བྱེད་ཀྱི་བུལ་ཏོག་རྒྱུ་ཆ་འདུས་པའི་ཡི་ཙིས་པགས་པའི་ངོས་དེ་བཀྲུས་ནའང་ན་ཟུག་འཇོམས་པ་སོགས་ཀྱི་ཉམས་མྱོང་ལྡན་ནོ།