
ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་ཕྱོགས་མང་པོའི་ཐད་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་མི་སེར་གྱི“ཤ་ཚལ་སྒོང་གསུམ”འགན་སྲུང་བྱས་ནས་ཐོན་སྐྱེད་ལ་གཏོང་ཆ་ཇེ་ཆེར་བཏང་བ་དང་། རྣམ་གྲངས་གཞི་རྟེན་དུ་བྱས་ནས་ཁྱད་ལྡན་ཐོན་ལས་རྣམ་གྲངས་ནང་སྔོ་ཚལ་ཐོན་ལས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཤིང་། 2014ལོར་ལྗོངས་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར་2.2བཏང་བ་དེའི་ནང་སྔོ་ཚལ་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར་1.16བཏང་བ་དེས་52.6%བཟུང་བ་དང་། ལྷོ་ཁ་དང་། ཆབ་མདོ། གཞིས་རྩེ་བཅས་ས་ཁུལ(གྲོང་ཁྱེར)3གྱི་རྫོང་3དུ་སྔོ་ཚལ་ཚད་ལྡན་ཚལ་ཞིང་འཛུགས་སྐྲུན་བྱས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་400བཏང་ནས་སྔོ་ཚལ་ཐོན་སྐྱེད་བྱ་ཆེད་འགན་སྲུང་ནུས་ལྡན་བྱས་ཤིང་། འདི་ནི་ལྷ་སའི་གྲོང་མི་ཞིག་གིས་ཁྲེང་ཀོན་ཆུས་ཚལ་གུང་ཐང་དཔལ་སྡིངས་གྲོང་ཚོའི་དྲོད་ཁང་ནས་ཚལ་འཐོག་བཞིན་པ།