


མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན་སྐབས་གཉིས་པའི་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་གྲུབ་འབྲས་འགྲེམས་སྟོན་ཆེན་མོ་དེ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གཟབ་རྒྱས་ངང་བྱེད་འགོ་བརྩམས་པ་དང་། བོད་ཤོག་བཟོ་རྩལ་འགྲེམས་སྟོན་ཁུལ་དུ་གསར་འགོད་པས་བོད་ཤོག་ཐོན་རྫས་འདྲ་མིན་སྣ་ཚོགས་མཐོང་བ་མ་ཟད། བོད་ཤོག་བཟོ་རྩལ་ངོ་མཚར་ཆེ་བ་ཡང་མྱོང་ཚོར་བྱུང་བ་རེད། འགྲེམས་སྟོན་འདི་ཟླ་དེའི་ཚེས་18ཉིན་མཇུག་བསྒྲིལ་རྒྱུ་རེད། པར་རིས་འདི་དག་ནི་འགྲེམས་སྟོན་ཆེན་མོའི་ཁྲོད་དུ་བཀྲམས་པའི་བོད་ཀྱི་ཤོག་བུ་ཡིན་པ།