
གཞིས་རྩེ་གྲོང་ཁྱེར་པད་གཞུང་ཤང་གི་མང་ཚོགས་ལྷག་པ་ཚེ་རིང་གིས་ཞིང་ཁྱིམ་དེབ་ཁང་ནང་དཔེ་དེབ་བལྟ་ཀློག་བྱེད་བཞིན་པ།
ཉེ་བའི་ལོའི་རིང་།རང་ལྗོངས་ཀྱིས་ས་ཕྱོགས་གང་སར་གྲོང་ཚོ་རིམ་པའི་ཞིང་ཁྱིམ་དེབ་ཁང་འཛུགས་སྐྲུན་བྱས་པ་དེས་ཞིང་འབྲོག་མང་ཚོགས་ཀྱི་དཔེ་དེབ་བལྟ་ཀློག་ལ་སྟབས་བདེ་བསྐྲུན་པ་མ་ཟད་ཞིང་འབྲོག་མང་ཚོགས་ཀྱིས་དེབ་ཉོ་ཁག་པ་དང་གཡར་ཁག་པ།བལྟ་ཁག་པ་བཅས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད་པ་རེད།ཞིང་འབྲོག་མང་ཚོགས་ཀྱི་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བ་དང་ཚན་རྩལ་འདེབས་འཛུགས་ཀྱི་གསོ་སྤེལ་ཆུ་ཚད་མཐོ་རུ་གཏོང་བ།ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།