དབུ་ཤོག>ཞིང་འབྲོག་གསར་པ།
  • སྙེ་མོའི་བོད་སྤོས་ལ་ཀྲུང་གོ་རྒྱལ་སྤྱིའི་ཡུལ་སྐོར་ཚོང་ཟོག་དངོས་མང་སྟོན་ཚོགས་ཐོག་དངུལ་གྱི་རྟགས་མ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-03

     གསར་འགོད་པས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། ཡུལ་སྐོར་ལས་རིགས་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་སྦྲགས་ཡུལ་སྐོར་ཚོང་ཟོག་ཁྲོམ་ར་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ཡོད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་སྡེ་ཚན་གྱིས་དབྱི་ཨུ་གྲོང་ཁྱེར་དུ་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་ཟོག་དངོས་མང་སྟོན་ཚོགས་སྐབས་བདུན་པར་ཞུགས་པ་དང་སྙེ་མོའི་བོད་སྤོས་ཀྱི་མུ་འབྲེལ་ཐོན་ཟོག་ལ་དངུལ་གྱི་རྟགས་མ་ཐོབ་པ་རེད། ད་ཐེངས་ཀྱི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་ཟོག་དངོས་མང་སྟོན་ཚོགས་སྐབས་བདུན་པའི་ཐོག་རང་ལྗོངས་ལ་ཁྱོན་བྱ་དགའ་ཁག་གཉིས་ཐོབ་པ་སྟེ། སྙེ་མོའི་བོད་སྤོས་ཀྱི་མུ་འབྲེལ་ཐོན་ཟོག་ལ་དངུལ་གྱི་རྟགས་མ་ཐོབ་པ་དང་མངའ་རིས་ས་ཁུལ་གྱི་ཤིང་བརྐོས་རི་མོར་ཟངས་ཀྱི་རྟགས་མ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།