དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་ཆབ་མདོས་ཞིང་འབྲོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་སྲོལ་ཆེ་གྲས་བཞི་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-06-01

    2015ལོར་བོད་ཀྱི་ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་སྲོལ་འཛུགས་མགྱོགས་སུ་བཏང་ནས་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་དར་རྒྱས་གོང་འཕེལ་དང་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།

    ཞིང་འབྲོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་སྲོལ་ཧུར་ཐག་བཙུགས་ཤིང་། འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་དང་། འབྲུ་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། འབྲུ་རིགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། འབྲུ་རིགས་ཚོང་ཟོག་ཅན་ལ་བསྒྱུར་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་རྨང་གཞིའི་ཐོག་ཆབ་མདོས་ཞིང་འབྲོག་པའི་ཡོང་འབབ་མཐོ་རུ་གཏོང་རྒྱུ་དེ་གཙོ་གནད་དུ་བྱས་ཏེ་ཁྲོམ་རར་ཕྱོགས་ནས་ཁམས་བོད་ས་མཐོའི་སྔོ་ལྗང་དང་། ཁྱད་ལྡན། དྭངས་གཙང་བཅས་ཀྱི་གསོ་ཚགས་ལས་རིགས་དང་། ལུང་ཤུར་འབྲོག་ལས་དང་སྤྱི་གནོད་མེད་པའི་སྔོ་ལྗང་འདེབས་འཛུགས་ལས་རིགས། ལྟ་སྐོར་ཞིང་འབྲོག་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་འདེབས་འཛུགས་དང་གསོ་ཚགས་ལས་རིགས་ཆེད་ལས་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་ཅན་བཅས་སུ་མངོན་འགྱུར་ཡོང་བ་བྱས་ནས་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་བཏང་བ་རེད།

    ཆབ་མདོའི་ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ས་གནས་དེ་གའི་ཐོན་ཁུངས་ཀྱི་ཆ་རྐྱེན་དང་ཐོན་ལས་ཀྱི་རྨང་གཞི་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་ལེགས་ལྡན་ཐོན་ལས་བཏོད་དེ་ཐོན་མཐོ་དང་། སྤུས་ལེགས། ནུས་མཐོ། སྣོད་བཅུད། བདེ་འཇགས་བཅས་ཀྱི་ཆབ་མདོའི་ས་མཐོའི་ཁྱད་ལྡན་གྱི་ནས་དང་། རྒུན་འབྲུམ། ཀྭ་རིགས་དང་ཤིང་ཏོག སྔོ་ཚལ། སྟར་ཁ། དབྱར་རྩྭ་དགུན་འབུ། ཀྲུང་ལུགས་སྨན་རྫས་རྒྱུ་ཆ། ཚགས་ཤ་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ཚན་རྩལ་གསར་སྤེལ་དང་། སྣ་ཁ་མང་དུ་གཏོང་བ། གཞི་ཁྱོན་ཆེ་རུ་གཏོང་བ། སྤུས་ལེགས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ། སྣེ་འདྲེན་སྣེ་ཁྲིད། རྟེན་གཞིར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ད་ཡོད་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་བཏང་ནས་སྤུས་ཚད་བདེ་འཇགས་དང་སྤུས་ཚད་མཐོར་གཏོང་དང་ཐོན་ཚད་མང་གཏོང་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ཡོད་པ་རེད།

    ཁྱད་ལྡན་ཞིང་འབྲོག་ལས་རྟེན་གཞི་ཧུར་ཐག་བསྐྲུན་ཞིང་། གཙོ་གནད་ཤང(གྲོང་རྡལ)དང་། སློབ་གྲྭ དགོན་སྡེ་བཅས་སུ་སྔོ་ཚལ་བཏབ་ནས་གྲོང་ཁྱེར་དང་རྫོང(ཆུས)11གི་སྔོ་ཚལ་མཁོ་སྤྲོད་རྟེན་གཞི་འཛུགས་སྐྲུན་ཧུར་ཐག་བྱས་པ་དང་། རི་བོ་ཆེའི་འབྲི་གཡག་སྡོམ་གསོས་དང་ལས་སྣོན་ཞིབ་ཚགས་རྟེན་གཞི་འཛུགས་སྐྲུན་ཤུགས་ཆེན་བྱས་པས་ལོར་འབྲི་གཡག་མགོ་གྲངས་ཁྲི་1.5སྡོམ་གསོས་དང་ཚགས་ཤ་སྤྱི་རྒྱ་ཁྲི་75ལས་སྣོན་ཞིབ་ཚགས་ཐུབ་ཡོད། ངག་དབང་ལུག་གསོ་ཚགས་རྟེན་གཞི་དང་རྒྱུད་བཟང་ར་བ་འཛུགས་སྐྲུན་བྱས་ཏེ་ངག་དབང་ལུག་མགོ་གྲངས་1500ཁྱབ་གདལ་བཏང་བ་དང་། འབྲོག་ལས་ཀྱི་རྒྱུད་བཟང་ལེགས་འདེམས་ཁྱབ་གདལ་མྱུར་པོ་བཏང་སྟེ་ཁྱད་ལྡན་འབྲོག་ལས་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་སྒོ་ཕྱུགས་དང་ཁྱིམ་བྱ་ཚད་ལྡན་ཅན་གསོ་ཚགས་དཔེ་སྟོན་གཏོད་པའི་བྱེད་སྒོ་སྤེལ་ནས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་གསོ་ཚགས་ར་བ་2ནས་3བར་འཕེལ་རྒྱས་བཏང་ཡོད། གཞི་རྩའི་རྩྭ་ཐང་དབྱེ་མཚམས་གཅོད་པའི་ལས་དོན་ལེགས་གྲུབ་ཟིན་ནས་རྩྭ་ཕྱུགས་སྤྱིར་ན་དོ་སྙོམས་བྱུང་བ་དང་འབྲོག་ལས་ཀྱི་རྒྱུད་བཟང་ཁྱབ་ཚད་20%ཡན་ཟིན་པ་དང་། ཚང་གསོས་དང་ཕྱེད་ཚང་གསོས་བྱེད་ཚད་50%ཟིན་པ། ཤ་དང་འོ་མའི་ཐོན་ཚད་ཏུན་ཁྲི་8.6དང་ཏུན་ཁྲི་8.3བཅས་སོ་སོར་ཟིན་ཡོད་པ་རེད།

    སྣེ་འདྲེན་ཁེ་ལས་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ཤིང་། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་ཅན་གྱི་འཕེལ་རྒྱས་སྲིད་ཇུས་ཡག་པོ་སྤྱོད་པ་འདང་ངེས་བཞིན་སྤྱད་དེ་ཞིང་འབྲོག་ལས་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་ནས་སྟོབས་ཤུགས་ཆེ་བ་དང་། ཕན་འབྲས་མཐོ་བ། མདུན་ལམ་ཡག་པ་བཅས་ཀྱི་ནང་སའི་ཁེ་ལས་ཆེ་གྲས་3ཡན་ཆབ་མདོའི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ལས་སྣོན་ཞིབ་ཚགས་ནང་ཞུགས་རྒྱུར་ནང་འདྲེན་ཧུར་ཐག་བྱས་ཏེ་ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་སྤུས་ཚད་རིམ་པ་དང་དཔལ་འབྱོར་ཕན་འབྲས་མཐོ་རུ་བཏང་ཡོད། འདི་ལོ་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་3ལ་ཞིབ་མཆན་ཐོབ་པ་དང་གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས་5དང་རྫོང་རིམ་པའི་སྣེ་འདྲེན་ཁེ་ལས་11སྐྱེད་སྲིང་བྱས་པར་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར་1.5བྱུང་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་40%ཡན་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།