
བཟོ་གྲྭ་དེའི་ལས་དོན་མི་སྣས་འགྲེམ་ཁང་དུ་སྤོས་སྒྲིག་གཤོམ་བྱེད་བཞིན་པ།
རིམ་ཁག་སྲིད་གཞུང་གི་གཙོ་གནད་རོགས་སྐྱོར་དང་སྲུང་སྐྱོང་འོག་ལོ་བཅུ་ལྷག་ཙམ་ལས་གཏོད་དང་འཕེལ་རྒྱས་བཏང་བ་བརྒྱུད། སྤྱི་ལོ 2002ལོར་བཙུགས་པའི་ལྷ་ས་དུང་དཀར་སྤོས་མཆོག་བཟོ་གྲྭ་དེ་རང་ལྗོངས་ཀྱི་སྤོས་དང་སྤོས་ཆུ་ཐོན་སྐྱེད་བྱེད་མཁན་གྱི་སྣེ་འདྲེན་ལྟ་བུར་གྱུར་ཡོད། བཟོ་གྲྭ་དེས་ཐོན་སྐྱེད་བྱས་པའི་དྲི་ཞིམ་མི་འདྲ་བའི་ཐོན་རྫས་སྣ་ཚོགས་རྒྱལ་ཁབ་ཕྱི་ནང་གང་སར་བཙོང་པས་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད་པ་རེད།