
ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་ད་ལྟའི་ཐོན་ལས་རྨང་གཞིར་བརྟེན་ནས་ཐོན་ལས་རྟེན་གཞི་ཅན་གྱི་འཛུགས་སྐྲུན་དམ་འཛིན་བྱས་པ་དང་། སྔ་རྗེས་སུ་སྒོར་ཁྲི་300ཙམ་བཏང་ནས་རྫོང་དེའི་བོད་བྱ་གསོ་ཚགས་རྟེན་གཞིར་བྱ་ཚང་དང་། བྱ་ཕྲུག་གསོ་ཚགས་ཁང་། རིམས་འགོག་ཁང་། སྒོ་ང་བསྙོལ་སའི་སྒྲིག་ཆས། ཐུམ་སྒྲིལ་འཆར་འགོད་ལེགས་སུ་གཏོང་བ་དང་སོན་བྱ་ཉོ་སྒྲུབ་བྱེད་ཚད་མཐོར་གཏོང་བཅས་ཀྱི་ཐད་སྤྱད་པ་རེད། མིག་སྔར་རྫོང་དེ་ཡོངས་སུ་བྲག་ལོག་བོད་བྱ་དང་། “སྨི་3000”བོད་བྱ། ཐང་སྐྱ་ཤང་ཨ་ནུའུ་ཚོགས་ཆུང་གི་བོད་བྱ། ཉི་ཐང་ཚོགས་ཆུང་གི་བོད་བྱ་བཅས་བོད་བྱ་གསོ་ཚགས་རྟེན་གཞི་བཞི་བཙུགས་ཡོད་པ་རེད། འདི་ནི་བྲག་ལོག་བོད་བྱ་གསོ་ཚགས་རྟེན་གཞིའི་ཞིང་པ་ཚོས་སྒོ་ང་ཐུམ་རྒྱག་པའི་གནས་ཚུལ་ཡིན་པ།