
འདི་ནི་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་དུ་འགྱུར་བཞིན་པའི་གྲ་ནང་རྫོང་སྨོན་གྲོལ་གླིང་སྤོས་བཟོ་གྲྭའི་ལས་བཟོས་སྤོས་བཟོ་བཞིན་ཡོད་པ།
ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ལས་ནི་རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལམ་བུ་ཉག་གཅིག་རེད།ཉེ་བའི་ལོ་ཤས་ཚུན་དུ།གྲ་ནང་རྫོང་གིས་ཁྱད་ལྡན་ཐོན་ལས་དམ་འཛིན་བྱ་ཡུལ་དུ་བཟུང་ཐོགདེ་ཉིད་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སར་བརྩིས་ཤིང་།བསམ་ཕྱོགས་སྔར་བས་རྒྱ་སྐྱེད་བཏང་བ་དང་།སྲིད་ཇུས་དང་མ་དངུལ་སོགས་ཀྱི་ཐད་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་དེ་ཉིད་རྒྱ་སྟོབས་ཆེ་རུ་བཏང་བས།དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་དུ་གྱུར་ཡོད་པ་རེད།