

ཇ་ནི་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བ་ཞིག་ཡིན་ལ་བོད་ཀྱི་ཇའི་རིག་གནས་ལའང་ཧ་ཅང་རིང་བའི་ལོ་རྒྱུས་ཡོད།ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་གང་སར་ཆེ་ཆུང་མི་འདྲ་བའི་ཇ་ཁང་མང་པོ་ཡོད་ལ་ཇ་ཁང་དེ་དག་ཀྱང་ཡུལ་སྐོར་བ་ཚོས་བོད་མི་རིགས་ཀྱི་འཚོ་བའི་གོམས་གཤིས་རྒྱུས་ལོན་བྱེད་ས་གལ་ཆེན་ཞིག་ཀྱང་ཡིན།འདི་ནི་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཐོག་བཤམས་པའི་བོད་ཀྱི་ཐོན་ཟོག་སྟེ་ཕྱི་ཤོག་སྣ་ཚོགས་ཡོད་པའི་བོད་ཇ་ཡིན་པ།