དབུ་ཤོག>ཞིང་འབྲོག་གསར་པ།
  • ཨ་མདོ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་མ་ལག་བཀོལ་སྤྱོད་ཀྱི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-21

    ཉེ་དུས། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། ནག་ཆུ་ས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་ལྟེ་གནས། དབན་ཏ་ཀུང་སི། ཅན་ལི་ཀུང་སི་སོགས་ཚན་པ་བཞིའི་འགན་འཁུར་བ་གཙོ་བོ་ཨ་མདོ་རྫོང་དུ་ཡོང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་མ་ལག་བཀོལ་སྤྱོད་ཀྱི་གསོ་སྦྱོང་བྱས་ཤིང་། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་དང་། ཤང་གྲོང་13དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་གྱི་ཆེད་བསྐོས་ལས་འགན་འཁུར་མཁན་30ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

    གསོ་སྦྱོང་བྱེད་རིང་། དབན་ཏ་དང་ཅན་ལི་ཀུང་སི་གཉིས་ཀྱི་ལས་དོན་མི་སྣས་གསོ་སྦྱོང་ནང་ཞུགས་མཁན་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་མ་ལག་བཀོལ་སྤྱོད་བྱེད་རིང་རྒྱུན་དུ་ཐོན་པའི་གནད་དོན་དང་ཐག་གཅོད་བྱ་ཐབས་འཆད་འགྲེལ་བྱས་པ་མ་ཟད། ཤང་གྲོང་ཚང་མའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་གྱི་ཆེད་བརྐོས་ལས་འགན་འཁུར་མཁན་རེ་རེ་བཞིན་གློག་ཀླད་སྟེང་བཀོལ་སྤྱོད་བྱེད་དུ་བཅུག་པ་དང་དོགས་གནད་སྣ་ཚོགས་ལ་དུས་ཐོག་ཏུ་འགྲེལ་བཤད་བརྒྱབ་པ་རེད།

    ད་ཐེངས་གསོ་སྦྱོང་བྱས་པ་བརྒྱུད་ཨ་མདོ་རྫོང་གི་གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་གྱི་ཆེད་བརྐོས་ལས་འགན་འཁུར་མཁན་གྱིས་མ་ལག་ལ་ངོས་འཛིན་དང་བཀོལ་སྤྱོད་བྱེད་ནུས་ཆེ་རུ་ཕྱིན་ཏེ་སླད་ཕྱིན་ལས་དོན་སྤེལ་ཆེད་རྨང་གཞི་བཟང་པོ་ཞིག་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།