དབུ་ཤོག>ཞིང་འབྲོག་གསར་པ།
  • ​ སྲོག་ཆགས་ཀྱི་ཚབས་ཆེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བདེ་བླག་ངང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-21

    ཉེ་ཆར། ཆུ་ཤུར་རྫོང་ཞིང་འབྲོག་ལས་དོན་གྱི་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་ལག་རྩལ་པའི་སྣེ་ཁྲིད་དེ་གྲོང་ཚོ་དང་། ཚོགས་ཆུང་། ཞིང་འབྲོག་དུད་བཅས་ཀྱི་སར་བསྐྱོད་ནས་ཕྱུགས་རིགས་ལ་རིམས་འགོག་སྨན་ཁབ་བརྒྱབ་མིན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

    ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་གིས་ས་ཆ་གང་དུ་སླེབས་ཀྱང་དེ་རུ་སྲོག་ཆགས་ཀྱི་ཚབས་ཆེའི་རིམས་ནད་སྔོན་འགོག་བྱ་རྒྱུ་དེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་དང་འབྲེལ་བ་དམ་ཟབ་ཡོད་པས་མིག་སྔའི་རིམས་འགོག་སྨན་ཁབ་བཙན་ཤེད་ཀྱིས་རྒྱག་རྒྱུའི་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། བག་མེད་ལྷོད་གཡེང་གི་བསམ་པ་དང་སྟེས་དབང་གི་བསམ་ཚུལ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། མིག་སྔར་ཕྱུགས་རིགས་ལ་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་ལས་དོན་དམ་འཛིན་ལྷོད་མེད་ཀྱིས་སྤེལ་ནས་རིམས་ནད་སྔོན་འགོག་བྱེད་རིང“སྔོན་འགོག་བྱེད་དགོས་ཀྱང་སྔོན་འགོག་མ་བྱུང་བ”དང“སྨན་ཁབ་གྲངས་འབོར་མི་འདང་བ་དང་ཚད་གཞི་མི་ལོན་པ”ལ་སོགས་པའི་གནས་ཚུལ་ཐོན་རྒྱུ་གཏན་འགོག་བྱེད་པ། ཤང་དང་། གྲོང་ཚོ། ཚོགས་ཆུང་། དུད་སྦྲེལ་བཅས་ཀྱིས་ངེས་པར་དུ་རིམ་པ་བཞིན་ལྟ་སྐུལ་དོ་དམ་ཐུབ་པ་བཅས་བྱས་ཏེ་འདི་ལོ་དཔྱིད་ཀའི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེ་རིགས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤུས་འབོར་གཉིས་ལྡན་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤདབྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་ཞིང་འབྲོག་ཅུས་ཕྱུགས་རིགས་སྨན་པའི་ས་ཚིགས་ཀྱི་ལག་རྩལ་པས་ཤང་ལྔ་དང་གྲོང་རྡལ་གཅིག་གི་གསོ་སྤེལ་དུད་ཚང་དང་གསོ་སྤེལ་ར་བར་བསྐྱོད་དེ་རིམས་ནད་སྔོན་འགོག་བྱེད་རིང་གི་སྨན་ཁབ་རྒྱག་སྟངས་དང་། སྨན་ཆུ་མང་ཉུང་། སྨན་ཁབ་རྒྱག་རྒྱུ་ལུས་མིན། རིམས་ནད་སྔོན་འགོག་ཐོ་འགོད་རེའུ་མིག་ཐོག་གི་སྟོང་ཆ་ཁ་སྐོང་བྱ་ཚུལ། བསྡོམས་རྩིས་ལས་དོན་སྤེལ་ཚུལ་སོགས་ཁྱོན་ཡོངས་ནས་ཞིབ་བཤེར་ཞིབ་ཕྲ་བྱས་ཡོད་ཅིང་། རྫོང་དེའི་ཤང་གྲོང་ཁག་གིས་དཔྱིད་དུས་སྔོན་འགོག་ལས་དོན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ས་གནས་ས་ཐོག་ཏུ་ལྟ་ཉན་བཤེར་གསུམ་གྱི་རྣམ་པའི་ཐོག་ནས་སྨན་ཁབ་བརྒྱབ་མིན་ཤེས་རྟོགས་བྱས་པ་དང་། ཚད་ལྡན་མིན་པ་ཡོ་བསྲང་བྱས་པ། གྲོང་ཚོ་དང་ཚོགས་ཆུང་ཁག་གིས་དཔྱིད་དུས་སུ་ཕྱུགས་རིགས་ལ་རིམས་འགོག་སྨན་ཁབ་བཙན་ཤེད་ཀྱིས་བརྒྱབ་པར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་འབྲེལ་ཞིབ་བཤེར་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།