དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་རིགས་ཞིང་པས་ས་ཞིང་གཏའ་མར་བཞག་ནས་དངུལ་བུན་ལེན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-04-19

    163893_yis_1429329526958.jpg

    ཟླ་4ཚེས་17ཉིན་བོད་ལྗོངས་ཆུ་ཤུར་རྫོང་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོའི་ཞིང་དུད་27གྱིས་ས་ཞིང་གཉེར་སྐྱོང་དབང་ཆ་གཏའ་མར་བཞག་ནས་དངུལ་བུན་སྒོར་ཁྲི་128.5བླངས་པ་དེ་སོ་སོས་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་ཉོ་བའམ་ཡང་ན་ཚོང་གཉེར་ལ་སྤྱོད་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཆུ་ཤུར་རྫོང་ནི་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཀྱི་ས་ཞིང་སྒྱུར་བཅོས་ཚོད་ལྟ་ཁུལ་ཡིན་པ་དང་ས་གནས་དེ་གའི་ཞིང་པར་གྲོང་གསེབ་ཀྱི་ས་ཆ་འགན་གཙང་ལེན་པའི་གཉེར་སྐྱོང་དབང་ཆའི་ལག་ཁྱེར་རག་རྗེས་གཉེར་སྐྱོང་དབང་ཆ་གཏའ་མར་བཞག་སྟེ་དངུལ་ཁང་ནས་དངུལ་བུན་ལེན་ཆོག་ཅིང་། འདི་ནི་གོང་ཚེས་ཉིན་བོད་ལྗོངས་ཆུ་ཤུར་རྫོང་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོའི་ཞིང་པ་ཁག་གཅིག་གིས་ལག་འབྱོར་བྱུང་བའི་དངུལ་བུན་ལག་ཁྱེར་སྟོན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།