དབུ་ཤོག>ཞིང་འབྲོག་གསར་པ།
  • ཆུ་གསུམ་རྫོང་གིས་ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-19

    ཉེ་ཆར་ཆུ་གསུམ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་བྱས་པ་དང་གསོ་སྦྱོང་ནང་ཞུགས་མཁན་ཁྱོན་སློབ་གཉེར་བ་50ཙམ་ཡོད་པ་དང་གསོ་སྦྱོང་བྱེད་པའི་དུས་ཡུན་ཉིན་45རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྩལ་ནུས་གསོ་སྦྱོང་ལས་དོན་ཐད་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་གཙོ་བོ་འཛུགས་སྐྲུན་ལས་གྲྭའི་དཔེ་རིས་ངོས་འཛིན་དང་། ཨར་འདམ་གཡོ་སྟངས། ལྕགས་རྩིབས་སྡོམ་སྟངས། ཁང་པ་འཆར་འགོད། གྲུབ་ཆ་འཆར་འགོད། བཟོ་སྐྲུན་གྱི་འགྲོ་གྲོན་སྔོན་རྩིས། ལས་གྲྭའི་དོ་དམ་བཅས་དང་དེ་བཞིན《ངལ་རྩོལ་བཅའ་ཁྲིམས》སོགས་འབྲེལ་ཡོད་ཤེས་བྱ་གསོ་སྦྱོང་བྱས་པ་རེད། རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད། ཞིང་འབྲོག་ལས་མིའི་འཛུགས་སྐྲུན་ལས་ཞུགས་རྩལ་ནུས་དང་ཕྱོགས་བསྡུས་ཀྱི་བྱང་ཚད་གོང་མཐོར་ཕྱིན་པ་དང་། ཐོན་སྐྱེད་ཀྱི་ལག་རྩལ་ཆུ་ཚད་གོང་མཐོར་ཕྱིན་ནས་ཞིང་འབྲོག་ལས་མིའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་སོང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།