
ཞིང་སྤྱོད་རྒྱུ་ཆ་སྐྱེལ་འདྲེན་ལས་ཆོད་ཆེ་ཞིང་མྱུར་པོ་ཡོང་རྒྱུ་འགན་ལེན་བྱ་ཆེད་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་གྱིས་ཁེ་ལས་ཀྱི་རྫས་ལུད་ཐོན་སྐྱེད་དང་སྐྱེལ་འདྲེན་བླང་བྱ་ཤེས་རྟོགས་ཧུར་ཐག་བྱས་ཏེ་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྡེབ་སྐྱེལ་ལས་དོན་ཡག་པོ་སྒྲུབ་པ། སྔོན་ལ་སྡེབ་སྐྱེལ་དང་དུས་ཐོག་ཏུ་བརྒྱུད་འདྲེན། དུས་ཐོག་ཏུ་དབོར་འདྲེན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་རྫས་ལུད་མགྱོགས་མྱུར་ཞིང་ནང་དུ་སྐྱེལ་འདྲེན་ཐུབ་པའི་འགན་ལེན་བྱས་ཤིང་། འདི་ནི་ཉེ་ཆར་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་གྱི་ཞིང་པས་རྫས་ལུད་དབོར་བཞིན་ཡོད་པ།