དབུ་ཤོག>ཞིང་འབྲོག་གསར་པ།
  • 8.བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩའི་ ཡོང་ཁུངས་གཙོ་བོ་གང་དག་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-10

    8.རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩའི་ཡོང་ཁུངས་གཙོ་བོ་གང་དག་ཡོད།

    ལན། རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པའི་སྨན་རིན་མི་དགོས་པའི་སྨན་བཅོས་ཀྱི་ཆེད་དོན་འགྲོ་གྲོན་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཁ་གསབ་འགྲོ་གྲོན། རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(གྲོང་ཁྱེར་དང་ཆུས)བཅས་སྲིད་གཞུང་གི་ནོར་སྲིད་ནས་བཀོད་སྒྲིག་བྱས་པའི་སྨན་རིན་མི་དགོས་པའི་སྨན་བཅོས་ཀྱི་ཆེད་དོན་འགྲོ་གྲོན། མི་སྒེར་གྱིས་ལོ་ལྟར་རང་མོས་ངང་བསྐྱལ་བའི་གྲབས་དངུལ། རྫོང(གྲོང་ཁྱེར་དང་ཆུས)དམངས་སྲིད་སྲིད་འཛིན་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་སྨན་བཅོས་རོགས་སྐྱོབ་ཀྱི་ཆ་རྐྱེན་ཚང་བའི་ཞིང་འབྲོག་པར་སྤྲད་པའི་མི་སྒེར་གྱི་གྲབས་དངུལ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩའི་ཐོན་སྐྱེད་ཀྱི་སྐྱེད་ཀ་སོགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།