དབུ་ཤོག>ཞིང་འབྲོག་གསར་པ།
  • 11.གང་ཞིག་ནི་སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་གི་རྩིས་ཐོའི་ཐེབས་རྩ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-10

    ལན། སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་གི་རྩིས་ཐོའི་ཐེབས་རྩ་ནི་ཞིང་འབྲོག་པས་སྒོ་བསྟེན་སྨན་བཅོས་ཀྱི་སྨན་བཅོས་འགྲོ་གྲོན་ཐད་སྤྱད་པའི་འགྲོ་སོང་རྩིས་ཞུའི་ཁ་གསབ་ཐེབས་རྩ་ཡིན་པ་དེས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩའི་བསྡོམས་འབོར་གྱི་28%ནས་38%བར་བཟུང་གི་ཡོད། 2014ལོར་རང་ལྗོངས་ཀྱི་ཞིང་འབྲོག་པའི་སྤྱི་འདོམས་ཚད་གཞི་ནི་ལོར་མི་རེར་ཆ་སྙོམས་སྒོར་400(ནོར་སྲིད་ཀྱི་ཁ་གསབ་སྒོར་380དང་མི་སྒེར་གྱི་གྲབས་དངུལ་སྒོར་20)ཡིན་པའི་ནང་སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་གི་རྩིས་ཐོའི་ཐེབས་རྩ་ནི་ལོར་མི་རེར་ཆ་སྙོམས་སྒོར་112ནས་སྒོར་152བར་ཡིན་པ་རེད། མིག་སྔར་རང་ལྗོངས་ཀྱིས་དུད་ཚང་ཚན་པར་བྱས་ཏེ་ཁྱིམ་ཚང་གི་རྩིས་ཐོའི་ཐེབས་རྩ་བཙུགས་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩ་རྫོང(གྲོང་ཁྱེར་དང་ཆུས)གིས་གཅིག་གྱུར་ཐོག་དོ་དམ་དང་ཁྱིམ་ཚང་གི་རྩིས་ཐོའི་ཐེབས་རྩ་རྫོང(གྲོང་ཁྱེར་དང་ཆུས)ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྐྱོང་སྒྲིག་གཞིས་དོ་དམ་བྱེད་པ་དང་། རྫོང(གྲོང་ཁྱེར་དང་ཆུས)དང་ཤང(གྲོང་རྡལ)གིས་ཐུན་མོང་ཐོག་དོ་དམ་བྱེད་དགོས་རིགས་རྫོང(གྲོང་ཁྱེར་དང་ཆུས)ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྐྱོང་སྒྲིག་གཞིས་ཤང(གྲོང་རྡལ)ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྐྱོང་སྒྲིག་གཞིར་དོ་དམ་བྱ་རྒྱུར་རྩིས་སྤྲོད་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།