དབུ་ཤོག>ཞིང་འབྲོག་གསར་པ།
  • 12.བོད་ལྗོངས་ཀྱི་ཞིང་འབྲོག་པས་སྒོ་བསྟེན་སྨན་ཁང་དུ་ནད་གཞི་བརྟག་དཔྱད་བྱེད་སྐབས་བཏང་བའི་འགྲོ་གྲོན་ཇི་ལྟར་བྱས་ནས་ཞིབ་རྩིས་དང་རྩིས་ཞུ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-10

    12.རང་ལྗོངས་ཀྱི་ཞིང་འབྲོག་པས་སྒོ་བསྟེན་སྨན་ཁང་དུ་ནད་གཞི་བརྟག་དཔྱད་བྱེད་སྐབས་བཏང་བའི་འགྲོ་གྲོན་ཇི་ལྟར་བྱས་ནས་ཞིབ་རྩིས་དང་རྩིས་ཞུ་བྱེད་དགོས།

    ལན། རང་ལྗོངས་ཀྱི་ཞིང་འབྲོག་པས་ཤང(གྲོང་རྡལ)འཕྲོད་བསྟེན་ཁང་ངམ་ཡང་ན་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་ནད་གཞི་བརྟག་དཔྱད་བྱེད་སྐབས་བཏང་བའི་སྒོ་བསྟེན་སྨན་ཁང་གི་འགྲོ་གྲོན་དེ《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཁྱིམ་ཚང་གི་རྩིས་དེབ》གཞིར་བཟུང་། དེའི་སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཐོའི་ཐེབས་རྩའི་ཁྲོད་ནས་འཕྲལ་མར་རྩིས་ཞུ་བྱེད་པ་དང་། རྫོང་རིམ་པ་ཡན་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་སྐབས་ཀྱི་སྒོ་བསྟེན་སྨན་ཁང་གི་འགྲོ་གྲོན་དེ《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཁྱིམ་ཚང་གི་རྩིས་དེབ》དང་སྨན་བཅོས་འགྲོ་གྲོན་གྱི་ནུས་ཐོན་འཛིན་ཤོག་གཞིར་བཟུང་ཤང(གྲོང་རྡལ)ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྐྱོང་སྒྲིག་གཞིར་རྩིས་ཞུ་བྱེད་པར་སྐྱོད་ཆོག

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།