དབུ་ཤོག>ཞིང་འབྲོག་གསར་པ།
  • 13.ཞིང་འབྲོག་པའི་བུ་ཕྲུག་སློབ་ཆུང་དང་དམའ་རིམ་སློབ་འབྲིང་དུས་མཚམས་སུ་སློབ་གྲྭ་འགྲིམ་རིང་གི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་གང་ནས་རྩིས་ཞུ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-10

    13.ཞིང་འབྲོག་པའི་བུ་ཕྲུག་སློབ་ཆུང་དང་དམའ་རིམ་སློབ་འབྲིང་དུས་མཚམས་སུ་སློབ་གྲྭ་འགྲིམ་རིང་གི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་གང་ནས་རྩིས་ཞུ་བྱེད་དགོས།

    ལན། ཞིང་འབྲོག་པའི་བུ་ཕྲུག་སློབ་ཆུང་དང་དམའ་རིམ་སློབ་འབྲིང་དུས་མཚམས་སུ་སློབ་གྲྭ་འགྲིམ་རིང་གི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་དེའི་ཁྱིམ་ཚང་གི་རྩིས་ཐོའི་མི་སྒེར་གྱི་ཐེབས་རྩའི་ནང་ནས་མི་རེས་ལོ་རེར་50%བཏོན་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྐྱོང་སྒྲིག་གཞིས་སློབ་གྲྭར་སྤྲད་དེ་གཅིག་གྱུར་དོ་དམ་བྱེད་པ་དང་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་དེ་སློབ་གྲྭས་དོ་དམ་བྱེད་པའི་མ་དངུལ་ཁྲོད་ནས་གཏོང་བ་དང་ལྷག་འཕྲོ་ཡོད་ཚེ་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་ནང་སྤོས་ཏེ་ལོ་རྗེས་མར་མུ་མཐུད་སྤྱོད་ཆོག 2014ལོར་རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁྱིམ་ཚང་གི་རྩིས་ཐོའི་མི་སྒེར་གྱི་ཐེབས་རྩའི་ནང་ནས་སྒོར་56ནས་སྒོར་76བར་བཏོན་ཏེ་སློབ་གྲྭར་སྤྲད་ནས་གཅིག་གྱུར་དོ་དམ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།