14.སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཐོའི་ཐེབས་རྩའི་ནང་ལྷག་འཕྲོ་ལུས་པའམ་ཡང་ན་བེད་སྤྱོད་བྱས་ཟིན་ན་ཇི་ལྟར་བྱེད་དགོས།
ལན། ཞིང་འབྲོག་པའི་སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཐོའི་ཐེབས་རྩ་ལོ་དེའི་ལོ་མཇུག་ཏུ་ལྷག་འཕྲོ་ཡོད་ཚེ་འགྲིལ་གསོག་གིས་མུ་མཐུད་སྤྱོད་ཆོག་ནའང་དངུལ་སྨར་ལེན་མི་ཆོག་ལ་ལོ་རྗེས་མའི་མི་སྒེར་གྱིས་སྤྲོད་དགོས་པའི་ཆ་ཤས་ཀྱི་ཚབ་བྱེད་མི་ཆོག ཞིང་འབྲོག་པའི་སྒོ་བསྟེན་སྨན་བཅོས་ཁྱིམ་ཚང་གི་རྩིས་ཐོའི་ཐེབས་རྩ་སྤྱད་ཟིན་ཚེ་རིམ་ཁག་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱས་པའི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་མི་སྒེར་གྱིས་སྤྲོད་དགོས