དབུ་ཤོག>ཞིང་འབྲོག་གསར་པ།
  • 16.ཞིང་འབྲོག་པ་ཤང(གྲོང་རྡལ)གི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ནད་སྡོད་སྨན་བཅོས་བྱེད་རིང་གི་སྨན་བཅོས་འགྲོ་གྲོན་ཁ་གསབ་ཇི་ལྟར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-10

    16.ཞིང་འབྲོག་པ་ཤང(གྲོང་རྡལ)གི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ནད་སྡོད་སྨན་བཅོས་བྱེད་རིང་གི་སྨན་བཅོས་འགྲོ་གྲོན་ཁ་གསབ་ཇི་ལྟར་བྱེད་དགོས།

    ལན། ཞིང་འབྲོག་པས་ཤང(གྲོང་རྡལ)གི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ནད་སྡོད་སྨན་བཅོས་བྱེད་རིང་གི་སྨན་བཅོས་འགྲོན་གྲོན་དེ་མི་སྒེར་གྱི་གྲབས་དངུལ་བསྐྱལ་ཡོད་ཚེ་90%རྩ་ཆག་གཏོང་རྒྱུ་དང་མི་སྒེར་གྱི་གྲབས་དངུལ་བསྐྱལ་མེད་ཚེ་70%རྩ་ཆག་གཏོང་གི་ཡོད་པ་དཔེར་ན། རང་ལྗོངས་ཀྱི་ཞིང་འབྲོག་པ་ཞིག་ལ་ནད་གཞི་ཕོག་ནས་ཤང་འཕྲོད་བསྟེན་ཁང་དུ་ནད་ཁང་དུ་བསྡད་ནས་སྨན་བཅོས་བྱེད་རིང་བཏང་བའི་འགྲོ་གྲོན་བསྡོམས་སྒོར་1000ཟིན་པར་གཏན་འབེབས་གཞིར་བཟུང་ཤང་འཕྲོད་བསྟེན་ཁང་གིས་སྨན་རིན་གྱི་90%རྩ་ཆག་གཏོང་རྒྱུ་སྟེ་སྒོར་900ཡིན་པ་དང་མི་སྒེར་གྱིས་10%སྤྲོད་དགོས་པ་སྟེ་སྒོར་100ཡིན་པ་དང་། གལ་ཏེ་ནད་པས་མི་སྒེར་གྱི་གྲབས་དངུལ་བསྐྱལ་མེད་ཚེ་གཏན་འབེབས་གཞིར་བཟུང་ཤང་འཕྲོད་བསྟེན་སྨན་ཁང་གིས་70%རྩ་ཆག་གཏོང་རྒྱུ་སྟེ་སྒོར་700ཡིན་པ་དང་མི་སྒེར་གྱིས་30%སྤྲོད་དགོས་པ་སྟེ་སྒོར་300ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།