དབུ་ཤོག>ཞིང་འབྲོག་གསར་པ།
  • 17.ཞིང་འབྲོག་པས་རྫོང་རིམ་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ནད་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པར་འགྲོ་སོང་ཇི་ཙམ་རྩིས་ཞུ་ཐུབ་བམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-10

    17.ཞིང་འབྲོག་པས་རྫོང་རིམ་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ནད་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པར་འགྲོ་སོང་ཇི་ཙམ་རྩིས་ཞུ་ཐུབ་བམ།

    ལན། ཞིང་འབྲོག་པས་རྫོང(གྲོང་ཁྱེར་དང་ཆུས)གི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱས་པའི་ནད་ཁང་དུ་སྡོད་པའི་འགྲོ་གྲོན་རྩིས་ཞུ་བྱེད་པར་མི་སྒེར་གྱིས་མ་དངུལ་གྲབས་བསྡུ་བྱས་རིགས་ལ་མི་བསྡུ་བའམ་ཡང་ན་འགྲོ་གྲོན་གྱི་85%རྩིས་ཞུ་བྱེད་པ་དང་། མི་སྒེར་གྱིས་མ་དངུལ་གྲབས་བསྡུ་བྱས་མེད་རིགས་ལ་མི་བསྡུ་བའམ་ཡང་ན་འགྲོ་གྲོན་གྱི་65%རྩིས་ཞུ་བྱེད་ཀྱི་ཡོད། གལ་ཏེ་རང་ལྗོངས་ཀྱི་ཞིང་འབྲོག་པའི་ནད་པ་གཅིག་རྫོང་རིམ་པའི་སྨན་ཁང་དུ་སྨན་བཅོས་བྱེད་རིང་གི་སྨན་བཅོས་འགྲོ་གྲོན་བསྡོམས་སྒོར་5000སོང་ཚེ་གཏན་འབེབས་ལྟར་རྫོང་སྨན་ཁང་གིས་འགྲོ་གྲོན་མི་བསྡུ་བའམ་ཡང་ན་རྫོང་རིམ་པའི་སྨན་བཅོས་དོ་དམ་གཞུང་དོན་ཁང་ནས་85%སྟེ་སྒོར་4250རྩིས་ཞུ་བྱེད་པ་དང་མི་སྒེར་གྱིས་15%སྟེ་སྒོར་750ལས་འདོན་དགོས་ཀྱི་མེད། གལ་ཏེ་ནད་པས་མི་སྒེར་གྱི་མ་དངུལ་གྲབས་བསྡུའི་ཆ་ཤས་བསྡུས་མེད་ཚེ་གཏན་འབེབས་གཞིར་བཟུང་རྫོང་སྨན་ཁང་གིས་མི་བསྡུ་བའམ་ཡང་ན་རྫོང་རིམ་པའི་སྨན་བཅོས་དོ་དམ་གཞུང་དོན་ཁང་གིས་65%སྟེ་སྒོར་3250རྩིས་ཞུ་བྱེད་པ་དང་མི་སྒེར་གྱིས་35%སྟེ་སྒོར་1750འདོན་དགོས་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།