དབུ་ཤོག>ཞིང་འབྲོག་གསར་པ།
  • 33.བོད་ལྗོངས་ཀྱི་ཤང(གྲོང་རྡལ)གི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་སྒྲུབ་གཉེར་སྒྲིག་གཞིའི་འགན་འཁྲི་གང་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-10

    33.རང་ལྗོངས་ཀྱི་ཤང(གྲོང་རྡལ)གི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་སྒྲུབ་གཉེར་སྒྲིག་གཞིའི་འགན་འཁྲི་གང་ཡིན་ནམ།

    ལན། ཞིང་འབྲོག་ཁུལ་གྱི་སྨན་བཅོས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། རྫོང(གྲོང་ཁྱེར་དང་ཆུས)སྨན་བཅོས་དོ་དམ་སྒྲུབ་གཉེར་སྒྲིག་གཞིས་བཟོས་པའི་ལས་ཀའི་འཆར་གཞི་དང་ལས་ཀའི་ལམ་ལུགས་ལག་ལེན་བསྟར་བ། ཤང(གྲོང་རྡལ)དེ་གའི་ཞིང་འབྲོག་པ་སྨན་བཅོས་མ་དངུལ་གྲབས་གསོག་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་པ་དང་འབྲེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་ཀའི་འགན་འཁུར་བ། ཞིང་འབྲོག་པ་མི་སྒེར་གྱིས་སྤྲོད་པའི་འགྲོ་གྲོན་གྲབས་གསོག་བྱེད་པ་དང་འབྲེལ་རྫོང(གྲོང་ཁྱེར་དང་ཆུས)སྨན་བཅོས་དོ་དམ་སྒྲུབ་གཉེར་སྒྲིག་གཞིས་དུས་ཐོག་ཏུ་སྤྲོད་པ། ཞིང་འབྲོག་པའི་སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཐོའི་ཐེབས་རྩ་དོ་དམ་བྱེད་པ། ཤང(གྲོང་རྡལ)དེ་གའི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་དང་འགྲོ་གྲོན་ལྟ་སྐུལ་དོ་དམ་བྱེད་པ་དང་དེས་ཞབས་ཞུའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཞབས་ཞུའི་ནུས་པ་དང་། ཆུ་ཚད། སྤུས་ཚད་བཅས་མཐོ་རུ་གཏོང་བར་ལྟ་སྐུལ་བྱེད་པ། ཞིང་འབྲོག་པའི་སྨན་བཅོས་དང་སྨན་རྫས་ཀྱི་འགྲོ་གྲོན་རྩིས་ཞུ་དང་ཁ་གསབ་བྱེད་ཚུལ་ཡོངས་བསྒྲགས་བྱེད་འགན་འཁུར་བ། ཤང(གྲོང་རྡལ)དེ་གའི་ཞིང་འབྲོག་པའི་སྒོ་བསྟེན་སྨན་བཅོས་དང་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་འགྲོ་གྲོན་རྩིས་ཞུ་བྱེད་ཚུལ་གྱི་བསྡོམས་རྩིས་གོང་ཞུ་བྱེད་འགན་འཁུར་བ། རྫོང(གྲོང་ཁྱེར་དང་ཆུས)མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་རྫོང(གྲོང་ཁྱེར་དང་ཆུས)སྨན་བཅོས་དོ་དམ་སྒྲུབ་གཉེར་སྒྲིག་གཞིས་བཀོད་སྒྲིག་བྱེད་པའི་ལས་དོན་གཞན་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།