དབུ་ཤོག>ཞིང་འབྲོག་གསར་པ།
  • 32.བོད་ལྗོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)གི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་སྒྲུབ་གཉེར་སྒྲིག་གཞིའི་འགན་འཁྲི་གང་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-10

    32.རང་ལྗོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)གི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་སྒྲུབ་གཉེར་སྒྲིག་གཞིའི་འགན་འཁྲི་གང་ཡིན་ནམ།
    ལན། ཞིང་འབྲོག་ཁུལ་གྱི་སྨན་བཅོས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་བྱེད་ཐབས》གཞིར་བཟུང་ལས་ཀའི་འཆར་གཞི་དང་། ལས་ཀའི་ལམ་ལུགས། ལས་ཀའི་གོ་རིམ་བཅས་བཟོ་བ་དང་འབྲེལ་ལག་ལེན་བསྟར་བ། སྨན་བཅོས་ཐེབས་རྩ་གྲབས་གསོག་བྱེད་པ། རྫོང(གྲོང་ཁྱེར་དང་ཆུས)གི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩ་དོ་དམ་བྱེད་པ། སྨན་བཅོས་ལག་ཁྱེར་དཔྱད་སྤྲོད་བྱེད་པ། གཏན་འབེབས་ལྟར་སྨན་བཅོས་འགྲོ་གྲོན་དུས་ཐོག་ཏུ་ཆ་ཚང་རྩིས་ཞུ་བྱེད་པ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་དང་འཁོར་སྐྱོད་སོགས་འབྲེལ་ཡོད་གནས་ཚུལ་འཚོལ་བསྡུ་དང་། ལེགས་སྒྲིག དབྱེ་ཞིབ། གོང་ཞུ་བཅས་བྱེད་པ། ཞིང་འབྲོག་པའི་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་གྱི་འབྲེལ་ཡོད་དཔྱད་ཡིག་འཚོལ་བསྡུ་དང་རེ་ཞུ་བྱེད་འགན་འཁུར་བ། སྨན་བཅོས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་ཞིང་འབྲོག་པར་སྨན་བཅོས་འགྲོ་གྲོན་རྩིས་ཞུའི་དཔང་ཡིག་གམ་ཡང་ན་འབྲེལ་ཡོད་དཔང་པོ་མཁོ་འདོན་བྱེད་པ། ཤང(གྲོང་རྡལ)གྱི་སྨན་བཅོས་དོ་དམ་སྒྲུབ་གཉེར་སྒྲིག་གཞིའི་ལས་དོན་ལ་ལྟ་སྐུལ་དང་། ཞིབ་བཤེར། དཔྱད་དཔོག་བཅས་བྱེད་པ། གོང་རིམ་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་བཀོད་སྒྲིག་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གྱི་ལས་དོན་གཞན་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།