31.རང་ལྗོངས་ཀྱིས་ལོ་གང་ཞིག་ཏུ་ཞིང་འབྲོག་པའི་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་ལག་ལེན་བསྟར་འགོ་ཚུགས་པ་ཡིན་ནམ།
ལན། 2011ལོའི་ཟླ་བདུན་པ་ནས་བཟུང་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལོ་ལྟར་མ་དངུལ་འབོར་ཆེན་བཏང་ནས་རང་ལྗོངས་ཀྱི་ཞིང་འབྲོག་པར་ཚོང་ལས་ཀྱི་སྨན་བཅོས་འགན་བཅོལ་ཉོས་པ་དང་ཞིང་འབྲོག་པའི་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་ལག་ལེན་བསྟར་བ་རེད། ལམ་ལུགས་དེ་ལག་ལེན་བསྟར་ནས་ལོ་གསུམ་རིང་ཞིང་འབྲོག་པའི་ནད་གཞི་ཚབས་ཆེན་ཕོག་རྗེས་ཀྱི་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་ནུས་ལྡན་ཕྱིན་པ་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།