དབུ་ཤོག>ཞིང་འབྲོག་གསར་པ།
  • 26.བོད་ལྗོངས་ཀྱི་ཞིང་འབྲོག་པ་ནད་གཞི་ཕོག་ནས་དངོས་གནས་སྨན་ཁང་བརྗེ་སྤོ་རྒྱག་དགོས་ཚེ་ཆ་རྐྱེན་གང་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-10

    26.རང་ལྗོངས་ཀྱི་ཞིང་འབྲོག་པ་ནད་གཞི་ཕོག་ནས་དངོས་གནས་སྨན་ཁང་བརྗེ་སྤོ་རྒྱག་དགོས་ཚེ་ཆ་རྐྱེན་གང་དགོས་སམ།

    ལན། ནད་དཔྱད་གསལ་པོ་མ་བྱུང་བ་དང་། སྨན་བཅོས་བྱས་ཀྱང་གོ་མི་ཆོད་པ། སྨན་བཅོས་ཀྱི་ཆ་རྐྱེན་མེད་པ་བཅས་སམ་ཡང་ན་ནད་གཞི་ཚབས་ཆེན་དང་ཉེན་ཁ་ཡོད་པས་རིམ་པ་གོང་མའི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་སྔར་བས་བརྟག་དཔྱད་དང་སྨན་བཅོས་བྱེད་པར་དངོས་གནས་སྐྱོད་དགོས་པ་དང་། རྫོང(གྲོང་ཁྱེར་དང་ཆུས)ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་སྒྲུབ་གཉེར་སྒྲིག་གཞིས་ཞིབ་དཔྱད་བྱས་ནས་མོས་མཐུན་བྱས་པ་དེ་རེད། ཞིང་འབྲོག་པར་ནད་གཞི་ཚབས་ཆེན་ཕོག་ནས་ཉེན་ཁ་ཆེ་བ་དང་ལྕི་པོ་ཡོད་པ་སོགས་དམིགས་བསལ་གྱི་རྒྱུ་མཚན་གྱིས་རྐྱེན་པས་འཕྲལ་མར་སྨན་ཁང་བརྗེ་སྤོ་བརྒྱབ་ནས་སྨན་བཅོས་བྱེད་དགོས་ཚེ་རྫོང(གྲོང་ཁྱེར་དང་ཆུས)དང་ཤང(གྲོང་རྡལ)གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིས་དུས་ཐོག་ཏུ་སྨན་ཁང་བརྗེ་སྤོ་རྒྱག་པ་ལས་ནར་འགྱངས་བྱེད་མི་རུང་བ་མ་ཟད། ཁོངས་གཏོགས་རྫོང(གྲོང་ཁྱེར་དང་ཆུས)གྱི་སྨན་བཅོས་དོ་དམ་སྒྲུབ་གཉེར་སྒྲིག་གཞིར་གསལ་བཤད་བྱས་ནས་རྗེས་སུ་ཞིབ་དཔྱད་བྱེད་ཆོག

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།