དབུ་ཤོག>ཞིང་འབྲོག་གསར་པ།
  • 24.ཞིང་འབྲོག་པས་སྤྱི་འདོམས་ས་ཁུལ་ཕུད་པའི་ཡུལ་གཞན་དུ་ལས་ཀ་དང་། གཉེན་འཕྲད། ཡུལ་སྐོར་སོགས་བྱེད་སྐབས་ནད་ཕོག་ནས་སྨན་ཁང་དུ་སྡོད་རིང་གི་སྨན་བཅོས་འགྲོ་གྲོན་ཇི་ལྟར་བྱས་ཏེ་རྩིས་ཞུ་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-10

    24.ཞིང་འབྲོག་པས་སྤྱི་འདོམས་ས་ཁུལ་ཕུད་པའི་ཡུལ་གཞན་དུ་ལས་ཀ་དང་། གཉེན་འཕྲད། ཡུལ་སྐོར་སོགས་བྱེད་སྐབས་ནད་ཕོག་ནས་སྨན་ཁང་དུ་སྡོད་རིང་གི་སྨན་བཅོས་འགྲོ་གྲོན་ཇི་ལྟར་བྱས་ཏེ་རྩིས་ཞུ་བྱེད་དགོས་སམ།

    ལན། ཞིང་འབྲོག་པས་སྤྱི་འདོམས་ས་ཁུལ་ཕུད་པའི་ཡུལ་གཞན་དུ་ལས་ཀ་དང་། གཉེན་འཕྲད། ཡུལ་སྐོར་སོགས་བྱེད་སྐབས་ཐོན་པའི་སྨན་བཅོས་འགྲོ་གྲོན་དེ་སྔོན་ལ་ཞིང་འབྲོག་པ་མི་སྒེར་གྱིས་འདོན་པ་དང་སྨན་ཁང་ནས་དོན་རྗེས་གོ་ཆོད་སྤ་སེ་དང་། དཔང་ཡིག་དང་དེ་བཞིན་འབྲེལ་ཡོད་སྨན་བཅོས་ལག་ཁྱེར་གྱི་དཔྱད་གཞི་འཁྱེར་ནས་ཐེམ་ཐོ་གནས་ཡུལ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་ཚབ་སྒྲུབ་སྒྲིག་གཞིར་སྨན་བཅོས་འགྲོ་གྲོན་རྩིས་ཞུ་བྱེད་ཆོག་གི་ཡོད། ཞིང་འབྲོག་པས་སྨན་ཁང་དུ་བསྡད་རྗེས་ཀྱི་ཉིན་5ནང་ཚུན་དུ་རང་ཉིད་གནས་ཡུལ་སྤྱི་འདོམས་ས་ཁུལ་གྱི་རྫོང་རིམ་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་ཚབ་སྒྲུབ་སྒྲིག་གཞིར་ཞུ་དགོས་པ་དང་། རྫོང་རིམ་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་ཚབ་སྒྲུབ་སྒྲིག་གཞིས་རྩིས་ཞུའི་ཁ་གསབ་འགྲོ་ལུགས་གཉེར་བའི་དུས་ཡུན་རིང་ཤོས་ལ་ཟླ་གསུམ་ནས་བརྒལ་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།