20.རང་ལྗོངས་ཀྱི་ཞིང་འབྲོག་པ་སྦྲུམ་མས་རིམ་ཁག་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ཕྲུ་གུ་བཙའ་བར་དམངས་ཕན་སྲིད་ཇུས་གང་དག་ཡོད་དམ།
ལན། སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་མཁན་མང་དུ་གཏོང་བ་དང་སྦྲུམ་མ་དང་དམར་འབྱར་ཤི་ཚད་ཉུང་དུ་གཏོང་ཆེད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཞིང་འབྲོག་པ་སྦྲུམ་མས་རིམ་ཁག་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ཕྲུ་གུ་བཙའ་རིང་ཐོན་པའི་སྨན་བཅོས་འགྲོ་གྲོན་ཐད་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་དུས་ཐོག་ཏུ་འགྲོ་སོང་རྩིས་རྒྱག་པའམ་ཡང་ན“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱས་པའི་རིམ་ཁག་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་མི་བསྡུ་བ་དང་དུས་ཐོག་ཏུ་རྩིས་རྒྱག་ལག་བསྟར་བྱས་མེད་པའི་རིམ་ཁག་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ཕྲུ་གུ་བཙའ་མཁན་གྱི་ཞིང་འབྲོག་པས《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཐོའི་དེབ》དང་། རྫོང(གྲོང་ཁྱེར་དང་ཆུས)སྨན་བཅོས་སྒྲིག་གཞིའི་སྨན་ཁང་བརྗེ་སྤོའི་དཔང་ཡིག སྨན་བཅོས་འགྲོ་གྲོན་གྱི་གོ་ཆོད་སྤ་སེ་བཅས་འཁྱེར་ཏེ་ནད་ཆེན་སྤྱི་འདོམས་ཐེབས་རྩའི་ཁྲོད་ནས་ཆ་ཚང་རྩིས་ཞུ་བྱེད་ཀྱི་ཡོད།