དབུ་ཤོག>ཞིང་འབྲོག་གསར་པ།
  • 18.ཞིང་འབྲོག་པས་ས་ཁུལ(གྲོང་ཁྱེར)དང་དེ་ཡན་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱས་པའི་ནད་ཁང་དུ་སྡོད་པའི་འགྲོ་གྲོན་ཇི་ཙམ་རྩིས་ཞུ་ཐུབ་བམ།ཇི་ལྟར་བྱས་ཏེ་རྩིས་ཞུ་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-10

    18.ཞིང་འབྲོག་པས་ས་ཁུལ(གྲོང་ཁྱེར)དང་དེ་ཡན་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱས་པའི་ནད་ཁང་དུ་སྡོད་པའི་འགྲོ་གྲོན་ཇི་ཙམ་རྩིས་ཞུ་ཐུབ་བམ།ཇི་ལྟར་བྱས་ཏེ་རྩིས་ཞུ་བྱེད་དགོས་སམ།

    ལན། ཞིང་འབྲོག་པས་ས་ཁུལ(གྲོང་ཁྱེར)དང་དེ་ཡན་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱས་པའི་འགྲོ་གྲོན་ཐད་མི་སྒེར་གྱི་མ་དངུལ་གྲབས་བསྡུ་བྱས་རིགས་ཀྱི་བསྡུ་མི་དགོས་པའམ་ཡང་ན་70%རྩིས་ཞུ་བྱེད་པ་དང་མི་སྒེར་གྱི་མ་དངུལ་གྲབས་བསྡུའི་ཆ་ཤས་བསྡུས་མེད་རིགས་ལ་མི་བསྡུ་བའམ་ཡང་ན་50%རྩིས་ཞུ་བྱེད་ཀྱི་ཡོད། དུས་ཐོག་ཏུ་རྩིས་བརྒྱབ་རིགས་ཀྱི་ཞིང་འབྲོག་པའི་ནད་པས་མི་སྒེར་གྱིས་འདོན་པའི་ཆ་ཤས་ལས་སྤྲོད་མི་དགོས་པ་དང་དུས་ཐོག་ཏུ་རྩིས་བརྒྱབ་མེད་རིགས་ཀྱིས་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་སྔོན་ལ་རང་ཉིད་ཀྱིས་འདོན་པ་དང་སྨན་ཁང་ནས་དོན་རྗེས《ཞིང་འབྲོག་པའི་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཐོའི་དེབ》དང་། གོ་ཆོད་སྤ་སེ། སྨན་ཁང་བརྗེ་སྤོ་དང་སྨན་ཁང་དུ་སྡོད་པ་དང་དོན་པའི་སྨན་བཅོས་དཔང་ཡིག་བཅས་འཁྱེར་ནས་ཐེམ་ཐོ་གནས་ཡུལ་རྫོང་རིམ་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་ཚབ་སྒྲུབ་སྒྲིག་གཞིར་འགྲོ་སོང་རྩིས་ཞུའི་འགྲོ་ལུགས་གཉེར་ཆོག་གི་ཡོད། གལ་ཏེ་རང་ལྗོངས་ཀྱི་ཞིང་འབྲོག་པ་ནད་པ་གཅིག་ས་ཁུལ(གྲོང་ཁྱེར)རིམ་པ་དང་དེ་བཞིན་དེ་ཡན་གྱི་སྨན་ཁང་དུ་སྨན་བཅོས་བྱེད་རིང་གི་འགྲོ་གྲོན་བསྡོམས་སྒོར་ཁྲི་7ཡིན་ཚེ་དེའི་ནང་གི་ལུགས་མཐུན་སྨན་བཅོས་འགྲོ་གྲོན་སྒོར་ཁྲི་6.9ཡིན་པས་གཏན་འབེབས་ལྟར་སྨན་ཁང་གིས་མི་བསྡུ་བའམ་ཡང་ན་རྫོང་རིམ་པའི་སྨན་བཅོས་དོ་དམ་གཞུང་དོན་ཁང་གིས་70%སྟེ་སྒོར་ཁྲི་4.83རྩིས་ཞུ་བྱེད་པ་དང་མི་སྒེར་གྱིས་30%སྟེ་སྒོར་ཁྲི་2.07འདོན་དགོས་ལ་མི་སྒེར་གྱིས་སྤྲོད་པའི་ཆ་ཤས་ཚང་མ་རང་ལྗོངས་ཀྱི་ཞིང་འབྲོག་པའི་ནད་ཆེན་སྨན་བཅོས་འགན་བཅོལ་ཁྲོད་ནས་སྤྲོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།