
ཉེ་ཆར། ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་ཚན་རྩལ་ཅུས་ཀྱིས་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་40ཙམ་སྒྲིག་འཛུགས་ཀྱིས་སྤུན་གསུམ་གྲོང་ཚོའི་ལུག་གསོ་ཚགས་རྟེན་གཞི་དང་། དཔལ་རི་གྲོང་ཚོའི་ས་རྒྱུ་ལེགས་བཅོས་ས་ཚིགས། ཐང་པོ་ཆེ་གྲོང་ཚོའི་ཚན་རྩལ་ཆེད་མངགས་པའི་ལས་གཏོད་ས་ཚིགས་བཅས་སུ་རྟོག་ཞིབ་བྱས་པ་དང་སྦྲགས། ཤང་གྲོང་ཁག་དང་2015ལོའི་ཚན་རྩལ་ཆེད་མངགས་པའི་དམིགས་ཚད་དོ་དམ་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་ཅིང་། འདི་ནི་འཕྱོངས་རྒྱས་རྫོང་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པས་རྒྱལ་སྨན་ཤང་སྤུན་གསུམ་གྲོང་ཚོའི་གསོ་ཚགས་རྟེན་གཞིར་རྟོག་ཞིབ་བྱེད་བཞིན་ཡོད་པ།