དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྲིད་ཇུས་སྐོར་གྱི་དྲི་བ་དྲིས་ལན།(1)

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-18


    1.གང་འདྲ་ཞིག་ལ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཟེར་རམ།
    ལན་དུ།རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནི་སྲིད་གཞུང་གིས་གཙོ་ཁྲིད་བྱས་ཐོགརིན་མེད་སྨན་བཅོས་རྨང་གཞིར་བྱེད་པ་དང་།སྲིད་གཞུང་།མཉམ་སྡེབ།མི་སྒེར།སྤྱི་ཚོགས་བཅས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་ནས་མ་དངུལ་གྲབས་གསོག་བྱེད་པ།ནད་ཆེན་གྱི་གཅིག་གྱུར་གྲབས་གསོག་དང་།སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཐོ།སྨན་བཅོས་ཉེན་ཟོན་ཐེབས་རྩ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཞིང་འབྲོག་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཤིག་ཡིན།
    2.རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་ནང་སའི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པ་གཉིས་དབར་ཁྱད་པར་གང་ཡོད་དམ།
    ལན་དུ།རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནི་རིན་མེད་སྨན་བཅོས་སྲིད་ཇུས་ཀྱི་རྨང་གཞིའི་སྟེང་སྤེལ་བ་དང་།སྲིད་གཞུང་གི་མ་དངུལ་གཏོང་ཐབས་གཙོ་བོ་བྱས་པས་ན།ཞིང་འབྲོག་མང་ཚོགས་རང་སྒེར་གྱིས་མ་དངུལ་གྲབས་གསོག་མ་བྱས་རུང་ཞིང་འབྲོག་ཁུལ་གྱིས་སྨན་བཅོས་ལམ་ལུགས་ཀྱི་ཁེ་ཕན་སྤྱོད་ཆོག་གི་ཡོད་པས།འདི་ནི་ནང་སའི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པ་དང་མི་འདྲ་བའི་ཆ་ཡིན་པ་གང་ཞིག་འདིའི་སྟེང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་དམིགས་བསལ་གཟིགས་སྐྱོང་གནང་བ་ཡང་མཚོན་ཐུབ།
    3.མི་སྣ་གང་འདྲ་ཞིག་གིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ཁེ་ཕན་སྤྱོད་ཆོག་གམ།
    ལན་དུ།ཐེམ་ཐོ་བོད་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་སུ་ཡོད་པའི་ཞིང་འབྲོག་མང་ཚོགས་དག་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྤྱོད་དབང་ཡོད།
    4.ཞིང་འབྲོག་པ་ཇི་ལྟར་བྱས་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སུ་ཞུགས་དགོས་སམ།
    ལན་དུ།གཏན་འཁེལ་གྱི་དུས་ཚིགས་ནང(སྔ་ལོའི་ལོ་མཇུག་གམ་ལོ་དེ་གའི་ལོ་སྟོད་དུ)ཤང(གྲོང་རྡལ)རིམ་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་སམ་དེ་གའི་མངགས་བཅོལ་གནང་བའི་གྲོང་མི་ཨུ་ཡོན་ལྷན་ཁང་ནས་ཐེམ་པ་དང་མི་སྣ་རིམ་བཤེར་གྱིས་ཞིང་འབྲོག་པ་དག་ཐོ་བཀོད་གནང་བ་བརྒྱུད་རྫོང(གྲོང་ཁྱེར་དང་ཆུས)ཀྱི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ལ་གོང་འབུལ་ཞུས་ནས་དཔྱད་བཤེར་བྱུང་རྗེས《བོད་རང་སྐྱོངས་ལྗོངས་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་སྨན་བཅོས་རྩིས་ཐོའི་དེབ》སྤྲོད་རྒྱུ།
    5.ཞིང་འབྲོག་མང་ཚོགས་ཀྱི《རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་སྨན་བཅོས་རྩིས་ཐོའི་དེབ》བོར་བརླག་གམ་མཁོ་མེད་ཕྱིན་ཚེ་ཇི་ལྟར་བྱ་དགོས་སམ།
    ལན་དུ།ཞིང་འབྲོག་པས་རང་གི་ཐེམ་ཐོ་བསྣམ་ནས་སྐབས་འཕྲལ་ས་གནས་སོ་སོའི་ཤང(གྲོང་རྡལ)ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་སུ་བསྐྱོད་ནས་བོར་བརླག་སོང་བའི་ཐོ་བཀོད་གནང་རྒྱུ་དང་དུས་མཚུངས་སུ་ལག་ཁྱེར་གསར་པ་ཐོ་བཀོད་བྱ་དགོས།
    6.ལོ་དེ་རང་ལ་སྐྱེས་པའི་ཞིང་འབྲོག་པའི་ཕྲུ་གུས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལོངས་སྤྱོད་བྱེད་ཆོག་གམ།
    ལན་དུ།ལོ་དེ་རང་དུ་སྐྱེས་པའི་ཞིང་འབྲོག་པའི་ཕྲུ་གུ་དག་ཕ་མ་དང་ལྷན་དུ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལོངས་སྤྱོད་ཆོག་པ་དང་།ལོ་རྗེས་མ་ནས་འགོ་བརྩམས་ནས་གཏན་འབེབས་ལྟར་རང་མོས་ཐོག་མི་སྒེར་གྱི་མ་དངུལ་གྲབས་གསོག་བྱེད་ཆོག
    7.ཞིང་འབྲོག་པ་ས་ཆ་གཞན་དུ་ཁྱིམ་ཚང་གནས་སྤོས་བྱས་པའམ་ཁྱིམ་ཚང་གི་ཐེམ་ཁོངས་ཞིང་པ་མིན་པར་བསྒྱུར་ན་སྨན་བཅོས་འགན་སྲུང་གི་འབྲེལ་བ་དེ་ཇི་ལྟར་གཉེར་དགོས་སམ།
    ལན་དུ།ཞིང་འབྲོག་པ་ས་ཆ་གཞན་དུ་ཁྱིམ་ཚང་གནས་སྤོས་བྱས་ན་སྨན་བཅོས་འགན་སྲུང་གི་འབྲེལ་བ་དེ་ཡང་གནས་སྤོ་བྱ་ཡུལ་གྱི་རྫོང་(གྲོང་ཁྱེར་དང་ཆུས)སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་སུ་བསྒྱུར་རྒྱུ།ཞིང་འབྲོག་པའི་ཁྱིམ་ཚང་གི་ཐེམ་ཁོངས་དེ་ཞིང་པ་ནས་ཞིང་པ་མིན་པར་བསྒྱུར་ན།དེའི་ཁྱིམ་ཚང་གི་རྩིས་ཁོངས་ཐེབས་རྩའི་ལྷག་དངུལ་རྣམས་ཤང(གྲོང་རྡལ)གི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ནས་ཕྱིར་སློག་བྱེད་རྒྱུ་དང་།རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྨན་བཅོས་འགན་སྲུང་ལམ་ལུགས་སུ་ཞུགས་ཆོག
    8.རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩའི་ཡོང་ཁུངས་གཙོ་བོ་གང་དང་གང་ཡོད་དམ།
    ལན་དུ།རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པའི་རིན་མེད་སྨན་བཅོས་ཀྱི་ཆེད་སྤྱོད་གྲོན་དངུལ་དང་གྲོང་གསེབ་མཉམ་ལས་སྨན་བཅོས་གསར་པའི་ཁ་གསབ་གྲོན་དངུལ།རང་སྐྱོང་ལྗོངས་དང་།ས་གནས།རྫོང་།(གྲོང་ཁྱེར་དང་ཆུས)བཅས་ཀྱི་སྲིད་གཞུང་ནས་བཀོད་སྒྲིག་བྱས་པའི་རིན་མེད་སྨན་བཅོས་ཀྱི་ཆེད་སྤྱོད་གྲོན་དངུལ།མི་སྒེར་གྱིས་ལོ་རེར་རང་མོས་ཐོག་སྐྱེལ་བའི་གྲབས་གསོག་མ་དངུལ།རྫོང་།(གྲོང་ཁྱེར་དང་ཆུས)དམངས་སྲིད་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྨན་བཅོས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་ཞིང་འབྲོག་པའི་ཚབ་བྱས་ནས་སྐྱེལ་བའི་མི་སྒེར་གྱི་གྲབས་གསོག་མ་དངུལ།ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩ་ལས་བྱུང་བའི་སྐྱེད་ཀ་སོགས་ཡོད།
    9.2014ལོར་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནང་སྲིད་གཞུང་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ཇི་ལྟར་ཡིན་ནམ།
    ལན་དུ།2014ལོར་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནང་སྲིད་གཞུང་གི་ནོར་སྲིད་ཁ་གསབ་རོགས་དངུལ་ཚད་གཞི་ནི།མི་རེར་ཆ་སྙོམས་སྒོར་380ཡིན་པ་དང་།དེའི་ནང་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནོར་སྲིད་ནས་སྒོར་375བཀོད་སྒྲིག་གནང་ཡོད་པ་དང་།གྲོང་ཁྱེར་དང་ས་གནས་རིམ་པའི་ནོར་སྲིད་ནས་སྒོར་3དང་།རྫོང་།(གྲོང་ཁྱེར་དང་ཆུས)ནོར་སྲིད་ནས་སྒོར་2རེ་བཅས་བཀོད་སྒྲིག་གནང་ཡོད།
    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།