དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཀྱིས་དབུལ་སྐྱོར་ལྟ་སྐུལ་ཐེར་འདོན་ཁ་པར་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-18

    བོད་ལྗོངས་ཀྱིས་དབུལ་སྐྱོར་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད་དབུལ་སྐྱོར་ལྟ་སྐུལ་ཐེར་འདོན་ཁ་པར་བཙུགས་པ།

    གསར་འགོད་པས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང(ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གཞུང་དོན་ཁང)ནས་ཤེས་རྟོགས་བྱས་པར་གཞིགས་ན། དབུལ་སྐྱོར་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་མཆན་འགོད་གལ་ཆེན་ལག་བསྟར་བྱས་ཏེ་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་སོགས་མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་བྱས་ནས་དབུལ་སྐྱོར་མ་དངུལ་བེད་སྤྱོད་ཀྱི་ཕན་ནུས་ཆེ་རུ་དང་རྣམ་གྲངས་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་2014ལོའི་ཟླ་12ཚེས་15ཉིན་12317དབུལ་སྐྱོར་ལྟ་སྐུལ་ཐེར་འདོན་ཁ་པར་བཙུགས་པ་རེད། ཉེ་ཆར་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གིས་ཐེར་འདོན་ཁ་པར་ཆེད་མངགས་བཙུགས་པ་དང་ཐེར་འདོན་ཁ་པར་གྱི་བདག་སྤྲོད་ཁྱབ་ཁོངས་ནང་། ཆེད་དོན་དབུལ་སྐྱོར་མ་དངུལ་དོ་དམ་དང་། བགོ་བཤའ། བེད་སྤྱོད་བཅས་ཀྱི་གནད་དོན་དང་། ཆེད་དོན་དབུལ་སྐྱོར་རྣམ་གྲངས་ལག་བསྟར་དོ་དམ་ཁྲོད་ལྷག་པའི་གནད་དོན། ཆེད་དོན་དབུལ་སྐྱོར་མ་དངུལ་འཐེན་སྤྱོད་དང་། ལྐོག་ཟ། གཞན་སྤྱོད་བཅས་ཀྱི་བྱེད་སྤྱོད་དང་དེ་བཞིན་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་ཁྲོད་ཀྱི་སྒྲིག་འགལ་གནད་དོན་སོགས་ཚུད་ཡོད་པ་རེད།

    ཐེར་འདོན་ཁ་པར་ཨང་གྲངས∶0891—6334542 སྒུལ་བདེའི་ཁ་པར་ཨང་གྲངས∶13398086808བརྙན་སྐྱེལ་ཨང་གྲངས∶0891— 6335877གློག་རྡུལ་ཡིག་སྒམyxtych@163.comའབྲེལ་གཏུག་མི་སྣ། ཐན་ཡན་ཁྲུན་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།