དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་རང་ལྗོངས་ཀྱིས་རོགས་སྐྱོར་སྲིད་ཇུས་དང་རྣམ་གྲངས37དོན་འཁྱོལ་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-03-17

    ན་ནིང་རང་ལྗོངས་ཀྱིས་རོགས་སྐྱོར་སྲིད་ཇུས་དང་རྣམ་གྲངས ༣༧ དོན་འཁྱོལ་བྱས་ཏེ་རོགས་སྐྱོར་དངུལ་སྒོར་དུང་ཕྱུར ༢༢.༨ ལྷག་ཙམ་བཏང་ནས།  དགེ་རྒན་དང་སློབ་མ་མི་ཐེངས་ཁྲི་ཚོ ༡༥༢ ལྷག་ཙམ་ལ་རོགས་སྐྱོར་བྱས་ཡོད་པ་རེད།  ངོ་སྤྲོད་བྱས་པར་གཞིགས་ན་ན་ནིང་རང་ལྗོངས་ཀྱིས་དགེ་རྒན་གྱི་ཉལ་ཁང་འགན་སྲུང་སྡོད་ཁང་གི་མ་ལག་ནང་བཅུག་ནས།  མ་དངུལ་སྒོར་དུང་ཕྱུར ༣ དོན་འཁྱོལ་བྱས་ཏེ།  སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཉལ་ཁང་ ༢༣༠༠ ལྷག་ཙམ་རྒྱབ་པ་དང་།  གྲོང་གསེབ་དགེ་རྒན་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་ཚོ ༩༩༠༠ སྤྲད་པར་དགེ་རྒན་ཆིག་ཁྲི ༦༠༠༠ ལ་ཕན་པ་ཐོབ་ཡོད་པ་དང་ཆབས་་ཅིག་སྒོར་ཁྲི་ཚོ ༡༨༢ བཀོད་སྒྲིག་བྱས་ཏེ།  བཤེས་གཉེན་ལ་གཅེས་སྐྱོང་བྱེད་པའི་འཆར་འགོད་ལག་བསྟར་བྱས་པ་དང་།  སྒོར་ཁྲི་ཚོ ༡༡༣༥ བཀོད་སྒྲིག་བྱས་ཏེ།  སློབ་གྲྭ ༡༩༤ ལ་དགེ་རྒན་དང་ལས་བཟོའི་བྱེད་སྒོ་སྤེལ་གནས་སྐྲུན་པ་མ་ཟད།  ལོ་འཁོར་མོར།  རིགས་ཁག་གི་དགེ་རྒན ༢༠༠༠ ལྷག་ཙམ་ཁ་གསབ་བྱས་པ་བཅས་བྱས་ཡོད་པ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  དེང་སྐབས་རང་ལྗོངས་ཀྱི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་དེ་བུ་བཅོལ་ཁང་གི་སློབ་གསོ་ནས།  ཞིབ་འཇུག་སློབ་མའི་སློབ་གསོའི་བར་གྱི་དུས་མཚམས་ཚང་མར་ཁྱབ་ཡོད་པ་དང་།  ད་ལོ་རང་ལྗོངས་ཀྱིས་འགན་ལེན་གསུམ་དང་འཚོ་བཅུད་ལེགས་བཅོས་འཆར་གཞིའི་ཚད་གཞི་མུ་མཐུད་མཐོ་རུ་གཏོང་རྒྱུ་དང་།  གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས།  དམངས་ལ་ཕན་པ་དང་སློབ་གསོར་གཞི་ཚུགས་པའི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།