དབུ་ཤོག>ཞིང་འབྲོག་གསར་པ།
  • གཏིང་སྐྱེས་རྫོང་མདོ་བྲག་ཤང་གིས་ཞིང་པའི་རྒན་བཅོལ་གྱི་རྨང་གཞིའི་སྲིད་ཇུས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-16

    གཏིང་སྐྱེས་རྫོང་མདོ་བྲག་ཤང་གིས་ལས་བྱེད་མི་སྣ་སྒྲིག་འཛུགས་བྱས་ནས།ཤང་ཡོངས་གི་སྲིད་འཛིན་གྲོང་ཚོ་6ཏུ་བསྐྱོད་ནས་རྒྱ་བོད་སྐད་གཉིས་ཐོག་ནས་དམངས་ཕན་སྲིད་ཇུས་ཀྱིི་དྲིལ་བསྒྲགས་གསལ་འགྲེལ་བྱས།དྲིལ་བསྒྲགས་གསལ་འགྲེལ་གྱི་ནང་དོན་དུ་ཤང་གྲོང་གྲོང་མིའི་རྨང་གཞིའི་རྒན་བཅོལ་གྱི་སྲིད་ཇུས་དང་ཤང་གྲོང་གྲོང་མིའི་སྤྱི་ཚོགས་ཀྱི་རྨང་གཞིའི་རྒན་བཅོལ་གྱི་འབྲེལ་ཡོད་སྲིད་ཇུས་གཏན་འབེབས།སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་ངེས་ཤེས་ཤེས་བྱ་དང་ཞིང་པ་གླ་པ་གྲོང་ཁྱེར་དུ་སྐྱོད་ནས་ལས་ཞུགས་སྐོར་གྱི་ཤེས་དགོས་པའི་ཤེས་བྱ་སོགས་ཚུད་ཡོད།གཅིག་ནས་ཞིང་པའི་རྒན་བཅོལ་ཉེན་འགོག་འགན་ལེན་མི་སྒེར་གྱི་དངུལ་འཇལ་བའི་ཚད་གཞི།(མ་དངུལ་ཉུང་ཤོས་སྒོར་100ནས་མ་དངུལ་མཐོ་ཤོས་སྒོར་3000བར།སྲིད་གཞུང་གི་ཁ་གསབ་དངུལ་སྤྲོད་གསར་བ་མི་རེར་སྒོར་120)མི་སྒེར་གྱི་དངུལ་འཇལ་བའི་ཚད་རིམ་ནི་མང་བ་འཇལ་མཁན་ལ་མང་བ་ཐོབ་པ་དང་།རྒྱུན་རིང་འཇལ་མཁན་ལ་རྒྱུན་རིང་ཐོབ་པའི་སྲིད་ཇུས་དྲིལ་བསྒྲགས་བྱས།གཉིས་ནས་གྲོང་ཚོའི་ལས་བྱེད་པ་དང་རིམ་པ་དང་པོ་དང་གཉིས་པའི་དབང་སྐྱོན།ཁེར་རྐྱང་གི་རྒན་རྒོན།མ་མཐའི་འཚོ་བའི་འགན་སྲུང་མི་སྣ་སོགས་ཀྱིས་དངུལ་འཇལ་བའི་ཚད་རིམ་དང་སྲིད་གཞུང་གི་ཁ་གསབ་དངུལ་གྲངས་ཚད་གཞི་སོགས་སྐོར་ལ་དྲིལ་བསྒྲགས་བྱས་པ།གསུམ་ནས་ཐོབ་ཆ་ལེན་མཁན་དང་འདས་གྲོངས་མི་སྣའི་དངུལ་འཇལ་རྒྱུན་བཟུང་སོགས་ཀྱི་གཏན་འབེབས་སྲིད་ཇུས་ལ་དྲིལ་བསྒྲགས་བྱས་པ།བཞི་ནས་ཞིང་པ་གླ་པ་གྲོང་ཁྱེར་དུ་བསྐྱོད་ཚེ་ངལ་རྩོལ་གྱི་གན་རྒྱ་འཇོག་དགོས་ལུགས་དང་།ཞིང་པ་གླ་པ་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་དགོས་ཚུལ་གྱི་འབྲེལ་ཡོད་ཤེས་བྱ་སོགས་དྲིལ་བསྒྲགས་བྱས་ཡོད།

    1112.jpg

    དྲིལ་བསྒྲགས་ཤེས་བྱའི་ལག་དེབ་སྤྲོད་པའི་གནས་ཚུལ་ཡིན་པ།

    ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཁྱབ་རྒྱ100%ཟིན་པ་དང་དྲིལ་བསྒྲགས་བྱེད་ཡུལ་མི་གྲངས་800ལྷགཙམ།དྲིལ་བསྒྲགས་ལག་དེབ་ཤོག་བུ་300ལྷག་སྤྲད་ཡོད།སྲིད་ཇུས་སྒྲོག་འགྲེལ་དང་ཁྲིམས་སྲོལ་གསལ་འགྲེལ་བྱས་པ་བརྒྱུད་མང་ཚོགས་ཚོས་ཞིང་པའི་རྨང་གཞིའི་རྒན་བཅོལ་དང་སྤྱི་ཚོགས་ཀྱི་ཉེན་འགོག་འགན་སྲུང་གཞན་དག་གི་སྲིད་ཇུས་ལ་རྒྱུས་ལོན་བྱུང་ཡོད་ལ་ཕྱོགས་ཡོངས་ནས་མང་ཚོགས་ཚོས་ཉེན་འགོག་འགན་སྲུང་ནང་ཞུགས་རྒྱུར་རྨང་གཞི་ལེགས་པོ་ཞིག་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།