དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཀྱིས་ཞིང་སྤྱོད་འདྲུད་འཐེན་འཁོར་ལོའི་ཐོ་འགོད་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-16

    ཟླ་1ཚེས་30ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་སྤྱི་སོ་གྲོང་ཚོ་4པའི་གྲོང་མི་ཉི་མ་ཚེ་རིང་གིས་ལས་དོན་མི་སྣའི་ལག་ནས་ཞིང་སྤྱོད་འདྲུད་འཐེན་འཁོར་ལོའི་འཁོར་རྟགས“བོད་O00001”བླངས་པ་དེ་ཐོག་ནས་ལྗོངས་ཡོངས་ཀྱི་ཞིང་སྤྱོད་འདྲུད་འཐེན་འཁོར་ལོ་ཐོ་འགོད་དང་ཁ་ལོ་བ་གསོ་སྦྱོང་དང་ལག་ཁྱེར་གཉེར་བའི་ཚོད་ལྟའི་ལས་དོན་ཐེངས་གཉིས་པ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་པ་རེད།

    རང་སྐྱོང་ལྗོངས་ནོར་སྲིད་ཐིང་སྲིད་འཛིན་སྲིད་ཁྲིམས་ཁྲུའི་ཁྲུའུ་ཀྲང་གཞོན་པ་དབྱང་ཞང་གིས“མིག་སྔར་ཚོད་ལྟ་བྱ་ཡུལ་ཤང་གྲོང་གི་ཞིང་འབྲོག་མང་ཚོགས་ཀྱི་ཞིང་སྤྱོད་འདྲུད་འཐེན་འཁོར་ལོའི་བདེ་འཇགས་ལག་རྩལ་གྱི་ཞིབ་དཔྱད་ཚད་ལོན་ཕྱིན། རིན་མི་དགོས་པའི་ངང་འཁོར་རྟགས་དང་གཏོང་ཆོག་པའི་ལག་ཁྱེར་ལེན་ཆོག་པ་དང་། སློབ་ཡོན་མི་དགོས་པར་ཁ་ལོ་བའི་གསོ་སྦྱོང་ཁྲོད་ཞུགས་ཆོག་གི་ཡོད། འདི་ལོ་ལྗོངས་ནོར་སྲིད་ཀྱིས་ཚོད་ལྟ་བྱ་ཡུལ་ཤང་གྲོང་གསུམ་ལ་མ་དངུལ་སྒོར་ཁྲི་73ལྷག་ཙམ་བཏང་བ་དང་གོམ་སྟབས་རྗེས་མར་རིམ་དབྱེའི་ནོར་སྲིད་ཀྱིས‘རིན་སྤྲོད་པའི’བྱ་ཐབས་སྤྱད་ནས་ཞིང་འབྲོག་མང་ཚོགས་ལ་མུ་མཐུད་ཕན་པ་ཐོབ་པའི་འགན་ལེན་བྱ་རྒྱུ་རེད”ཅེས་གསར་འགོད་པར་བཤད་པ་རེད།

    ལྗོངས་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་གཞོན་པ་ནོར་བུས་ལྗོངས་ཡོངས་ཀྱི་ཞིང་སྤྱོད་འདྲུད་འཐེན་འཁོར་ལོ་ཐོ་འགོད་ཚོད་ལྟའི་ལས་དོན་དེ་2013ལོའི་ཟླ་དྲུག་པར་སྤེལ་འགོ་ཚུགས་པ་ནས་བཟུང་སྟོད་ལུང་བདེ་ཆེན་རྫོང་དུ་ཚོད་ལྟ་བྱས་པའི་རྨང་གཞིའི་ཐོག་འདི་ལོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། ལྷོ་ཁ་ས་ཁུལ་ཟངས་རི་རྫོང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བཅས་ཚོད་ལྟའི་ས་ཁུལ་3གསར་དུ་བསྣན་ཡོད། གོམ་སྟབས་རྗེས་མར་དུས་བབ་དང་བསྟུན་ནས་ལས་དོན་དེ་ལྗོངས་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད་ཅེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།