དབུ་ཤོག>ཞིང་འབྲོག་གསར་པ།
  • སློབ་གསོ་གྲོང་གི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་སློབ་གྲྭར་ཁྲིམས་ལུགས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-13

    ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་སློབ་མའི་བཅའ་ཁྲིམས་ཀྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་སློབ་མའི་རང་སྲུང་དང་རང་འགོག་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་སློབ་གསོ་གྲོང་གི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭར་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་པེ་ཅིང་ཚོད་ལྟ་སློབ་འབྲིང་གི་སློབ་མ་དང་ཁྱིམ་བདག་ཚོར་གསོན་ཉམས་ལྡན་པའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་ཚན་ཞིག་ཁྲིད་པ་རེད།

    སློབ་ཚན་ཁྲིད་རིང་མི་དམངས་ཉེན་རྟོག་པས་དོན་དངོས་དང་གནས་ལུགས་ཟུང་འབྲེལ་དང་གྱོད་གཞིར་བརྟེན་ནས་ཁྲིམས་བརྗོད་དེ་་སློབ་མར་རྒྱུན་མཐོང་ཉེས་གསོག་སྣང་ཚུལ་འཕྲད་སྐབས་ཉེན་ཟོན་ཇི་ལྟར་བྱེད་པ། བསླུ་བྲིད་བྱེད་མཁན་འཕྲད་སྐབས་ཇི་ལྟར་སེལ་བ། རང་ཉིད་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་བ། འཆལ་རྒྱན་དུག་སོགས་སྤྱོད་ངན་དང་རྒྱང་བཀྱེད་པ་བཅས་བྱས་ཏེ་རང་ཉིད་ཚོད་འཛིན་དང་རང་ངོས་གཅུན་སྡོམ་བྱ་རྒྱུ་ཤེས་པར་བྱེད་དགོས་པའི་མངགས་བྱ་བྱས་པ་རེད། ད་རེས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་དེ་སློབ་གྲྭར་སྤེལ་བའི་དམིགས་ཡུལ་ནི་སློབ་མའི་ཁྲིམས་ལུགས་ལྟ་ཚུལ་དང་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུ་དེ་ཡིན་པས་རྒྱ་ཆེའི་དགེ་སློབ་ཚོའི་དགའ་བསུ་དང་བསྔགས་བརྗོད་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།