【གསལ་འགྲེལ】
“མཐོན་པོར་གནས་པའི”《སྲིད་གཞུང་གི་ལས་དོན་སྙན་སྒྲོན》དེ་ང་ཚོ་མི་དཀྱུས་མ་དང་འབྲེལ་བ་ཡོད་དམ། ལན་ནི་ཁས་ལེན་དགོས་པ་ཞིག་ཡིན་པ་མ་ཟད། འབྲེལ་བའང་ད་དུང་དམ་ཟབ་ཡོད། ཚེས་5ཉིན་ཙུང་ལི་ལི་ཁེ་ཆང་གིས་2015ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གནང་ཞིང་། ལོ་གསར་པའི་ནང་ང་ཚོའི་འཚོ་བར་འགྱུར་ལྡོག་གང་ཡོང་རྒྱུ་ཡིན་ནམ།
༡
ལས་གཏོད་ཀྱི་ཞིབ་བཤེར་མཆན་འགོད་ཆེད་དུ“ཚོད་མེད་རྒྱུག་དགོས”མེད།
【སྙན་སྒྲོན་།】
ཁེ་ལས་ཀྱི་འཆིང་ཐག་བཀྲོལ་ཏེ་ལས་གཏོད་ལ་སྟབས་བདེ་སྤྲོད་པ་དང་དྲང་གཞག་གི་འགྲན་རྩོད་ཁོར་ཡུག་གཏོད་དགོས། སྲིད་འཛིན་ཞིབ་བཤེར་མཆན་འགོད་ཀྱི་ལས་དོན་ཁག་ཚང་མ་སྟབས་བདེ་རུ་གཏོང་བ་དང་དུས་མཚམས་གསལ་པོ་བཟོས་ཏེ་སྲིད་གཞུང་གི་དབང་ཆའི“འཐེན་རྩིས”ལ་བརྟེན་ནས་ཁྲོམ་རར་གསོན་ཤུགས་ཡོང་བའི“སྒྱུར་རྩིས”སུ་སྒྱུར་ཐབས་བྱེད་དགོས། འབྲིང་གྲས་ཁེ་ལས་དང་ཆེས་ཆུང་གྲས་ཁེ་ལས་བྱེད་གཞི་ཆེན་པོ་ཡོད་པས་རྒྱབ་སྐྱོར་བྱས་ནས་དེ་དག་གི་ལས་གཏོད་དར་སྲོལ་ཞིག་ཏུ་འགྱུར་བ་བྱེད་དགོས།
【གསལ་འལ】
ཚོང་ཁང་ཞིག་བཙུགས་པར་ཐམ་ག་བཅུ་གྲངས་དགོས་པ་དེ་ཁྱེད་ལ་འཕྲད་མྱོང་ངམ། ཕྱིས་སུ་གནས་ཚུལ་དེ་དག་ཇེ་ཉུང་དུ་འགྲོ་སྲིད། ཚོགས་འདུ་གཉིས་ལས་ལས་གཏོད་ལ་གཏམ་བཟང་ཁྱབ་ཡོད་པ་སྟེ། དང་ཐོག་ཞིབ་བཤེར་མཆན་འགོད་ལ“ཚོད་མེད་རྒྱུག་དགོས”མེད། འདི་ལོ་སྲིད་འཛིན་ཞིབ་བཤེར་མཆན་འགོད་ཀྱི་བྱ་བ་ཁག་གཅིག་སླར་ཡང་མེད་པ་བཟོ་བ་དང་གཤམ་སྤྲོད་བྱེད་སྲིད། ཞིབ་བཤེར་མཆན་འགོད་ཀྱི“གོ་རིམ”དང“དུས་མཚམས”ཐད་ལས་གཏོད་ལ་སྟབས་བདེ་སྤྲད་ཡོད། གཉིས་ནས“རྟའི་ཐོག་བསྐྱལ་རྗེས”སྲིད་གཞུང་གིས་ད་དུང་འབྲིང་གྲས་ཁེ་ལས་དང་ཆེས་ཆུང་གྲས་ཁེ་ལས“ལམ་ཐག་ངེས་ཅན་ཞིག”ཁྲིད་རོགས་བྱ་རྒྱུ་ཡིན་པས“ཀུན་ཕན་རང་བཞིན་གྱི་སྲིད་ཇུས”ཀྱིས་ཁྱེད་ཀྱི་ཕུགས་འདུན་སྒྲུབ་རོགས་བྱ་རྒྱུ་རེད། ལས་གཏོད་བྱེད་བསམ་པའི་ཁྱེད་ཉིད་བློ་བདེ་བར་གྱིས་ཤིག
༢
ལས་ཞུགས་ལས་གནས་དེ་བས་མང་བ་ཞིག་གིས་ཁྱེད་ཉིད་སྒུག་བསྡད་ཡོད།
【སྙན་སྒྲོན་།】
གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་ཁྲི་ཆིག་སྟོང་ཡན་གསར་དུ་འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4.5%ནང་ཚུན་དུ་ཚོད་འཛིན་བྱེད་པ།
【གསལ་འལ】
ལས་ཞུཌ་འདོད་པའི་ཁྱེད་ལ་ཡང་ཕན་བདེ་ཡོད་ཅིང་། འདི་ལོར་གསར་འཕར་ལས་ཞུཌ་མི་གྲངས་ཁྲི་ཆིག་སྟོང་ཡན་མཐའ་འཁྱོངས་དང་ལས་ཀ་ཤོར་ཚད་4.5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་ཡིན་པ་དེ་ན་ནིང་གི་དམིཌ་ཚད་4.6%དང་བསྡུར་ན་སླར་ཡང་0.1%ཆག་ཡོད་པ་རེད།
དེ་ཐོག་ནས་དཔལ་འབྱོར་རྒུད་པའི་གནོན་ཤུགས་འཕྲད་ཀྱང་སྲིད་གཞུང་གིས་ལས་ཞུགས་འགན་ལེན་བྱེད་པའི་གདེང་ཚོད་ལ་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མེད། ཁྱེད་ཉིད་2015ལོའི་སློབ་ཐོན་སློབ་མ་ཡིན་ནའང་འདྲ་ཡང་ན་སྤྱི་ཚོགས་སུ་བསྐྱོད་ཟིན་པ་ཡིན་ནའང་འདྲ། གང་ལྟར་ཚང་མར་བློ་ལ་བབས་པའི་ལས་ཀ་འཚོལ་ཐུབ།
【སྙན་སྒྲོན་།】
༣
དྲ་རྒྱའི་མྱུར་ཚད་འགོར་བ་དང་དངོས་ཟོག་མྱུར་སྐྱེལ་ཡག་པོ་མེད་པར་ལེགས་བཅོས་ཕྲན་བུ་ཡོང་རྒྱུ་ཡིན་པ།
“དྲ་རྒྱ་གསུམ”མཉམ་འདྲེས་ལ་སྒོ་ཀུན་ནས་སྐུལ་མ་གཏོང་བ་དང་། འོད་ཁྲིད་ཚི་སྐུད་ཀྱི་དྲ་རྒྱ་མགྱོགས་མྱུར་བསྐྲུན་པ། ཤོང་ཆེའི་དྲ་རྒྱའི་མྱུར་ཚད་ཆེས་ཆེར་མགྱོགས་སུ་གཏོང་བ། དངོས་ཟོག་མྱུར་སྐྱེལ་འཕེལ་རྒྱས་མགྱོགས་པོ་གཏོང་བ་བཅས་བྱས་ནས་དྲ་རྒྱ་འདྲེན་གཞིར་བྱེད་པ་དང་ཕན་ཚུན་མཉམ་འགུལ་གྱི་གསར་དར་འཛད་སྤྱོད་གྲ་རྒྱས་ཡོང་བ་བྱེད་དགོས།
【གསལ་འལ།】
དྲ་རྒྱའི་མྱུར་ཚད་ཧ་ཅང་འགོར་བ་དང་། དངོས་ཟོག་མྱུར་སྐྱེལ་ཤིན་ཏུ་མི་ལེགས་པ། དངུལ་སྤྲོད་བདེ་འཇགས་མེད་པ་བཅས་ནི་ཁྱེད་ཀྱིས་དྲ་རྒྱའི་ཐོག་ནས་དངོས་ཟོག་ཉོ་བ་དང་འཛད་སྤྱོད་བྱེད་སྐབས་འཕྲད་པའི་དཀའ་རྙོག་ཅིག་ཡིན་ནམ། 2015ལོར་གནད་དོན་དེ་དག་ཚང་མར་སྔར་བས་ལེགས་བཅོས་ཡོང་རྒྱུ་རེད།
《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“དྲ་རྒྱ་གསུམ”མཉམ་འདྲེས་ལ་སྐུལ་མ་བཏང་ནས་དངོས་ཟོག་མྱུར་སྐྱེལ་དང་གློག་རྡུལ་ཚོང་དོན་སོགས་འཕེལ་རྒྱས་བཏང་སྟེ་ང་ཚོའི་དྲ་རྒྱའི་འཛད་སྤྱོད་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་པས་འདི་ལོར་དྲ་ཐོག་ནས་འཛད་སྤྱོད་བྱེད་མཁན་དེ་བས་མང་དུ་འགྲོ་བའི་ཡིད་ཆེས་ཡོད།
དབུལ་ཞིང་དཀའ་ངལ་ཆེ་བའི་མི་འབོར་དེ་བས་མང་བ་ཞིག་དབུལ་སྒྲོལ་ཡོང་རྒྱུ་ཡིན།
༤
【སྙན་སྒྲོན་།】
དབུལ་སྐྱོར་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་ནས་གཅིག་སྡུད་ཡུག་འབྲེལ་གྱི་དབུལ་ཞིང་དཀའ་ངལ་ཆེ་བའི་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་ལ་སྐུལ་མ་གཏིང་ཟབ་བཏང་སྟེ་འཕྱུགས་པ་མེད་པའི་སྒོ་ནས་དབུལ་སྐྱོར་དང་འཕྱུགས་པ་མེད་པའི་སྒོ་ནས་དབུལ་སྒྲོལ་ལག་ལེན་བསྟར་དགོས། དཀའ་ངལ་ཇི་ཙམ་ཆེ་ནའང་འདི་ལོར་གྲོང་གསེབ་ཀྱི་དབུལ་ཞིང་དཀའ་ངལ་ཆེ་བའི་མི་གྲངས་ཁྲི་ཆིག་སྟོང་ཡན་ཉུང་དུ་གཏོང་དགོས།
【གསལ་འལ】
འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་དེ་དབུལ་ཕོངས་ས་ཁུལ་དུ་ཡོད། ཀྲུང་གོའི་ཚད་གཞི་ལྟར་བྱས་ན། 2013ལོའི་ལོ་མཇུག་ཏུ་རང་རྒྱལ་ལ་ད་དུང་དབུལ་ཞིང་དཀའ་ངལ་ཆེ་བའི་མི་འབོར་ཁྲི་8200ལྷག་ཙམ་ཡོད། གལ་སྲིད་རྒྱལ་སྤྱིའི་ཚད་གཞི་ལྟར་བྱས་ན་ད་དུང་མི་དུང་ཕྱུར་གཉིས་ལྷག་ཙམ་ཡོད། སེམས་ཁྲལ་བྱེད་དགོས་མི་འདུག་གམ། ཙུང་ལིའི་སྙན་སྒྲོན་མཐོང་རྗེས་སེམས་ཁྲལ་བྱེད་དགོས་མེད། བདེ་འཇགས་འཐུང་ཆུ་དང་། གཞུང་ལམ་གསར་རྒྱག་དང་རྒྱས་སྐྲུན། དབུལ་ཞིང་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་གློག་བཅས་དང་ལྷག་པར་དུ་གྲོང་གསེབ་ཀྱི་དཀའ་ངལ་ཆེ་བའི་མི་འབོར་ཁྲི་ཆིག་སྟོང་ཡན་སླར་ཡང་ཉུང་དུ་གཏོང་རྒྱུ་རེད།
མང་ཚོགས་དེ་བས་མང་བ་ཞིག་ཁང་པ་ གསར་པར་སྤོ་རྒྱུ་ཡིན།
༥
མང་ཚོགས་དེ་བས་མང་བ་ཞིག་ཁང་པ་གསར་པར་སྤོ་རྒྱུ་ཡིན།
【སྙན་སྒྲོན་།】
འདི་ལོ་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭར་ཁང་པ་ཆ་ཚང་ཁྲི་740བཀོད་སྒྲིག་བྱས་པ་དེའི་ནང་ཁང་པ་སྐྱོ་ཁུལ་ཆ་ཚང་ཁྲི་580སྒྱུར་བཀོད་བྱ་རྒྱུ་ཡིན་པ་དང་ཁང་པ་ཆ་ཚང་ཁྲི་110འཕར་ཡོད། གྲོང་ཁྱེར་གྱི་ཉེན་ཁ་ཡོད་པའི་ཁང་པ་སྒྱུར་བཀོད་དེ་ཁང་པ་སྐྱོ་ཁུལ་སྒྱུར་བཀོད་གྱི་སྲིད་ཇུས་ཁྱབ་ཁོངས་ནང་འཇུག་རྒྱུ་རེད། གྲོང་གསེབ་ཀྱི་ཉེན་ཁ་ཡོད་པའི་དུད་ཚང་ཁྲི་366སྒྱུར་བཀོད་དང་དུད་ཚང་ཁྲི་100འཕར་ཡོད།
【གསལ་འལ】
ཁང་གོང་ཆེ་བས་ཉོ་ཐབས་བྲལ་བའི་ན་གཞོན་ཡིན་ནའང་འདྲ་ཡང་ན་ཉེན་ཁ་ཡོད་པའི་ཁང་པའི་ནང་དངངས་སྐྲག་སྐྱེ་བའི་ཡོང་འབབ་དམའ་བའི་རིམ་གྲས་ཡིན་ནའང་འདྲ་གང་ལྟར་རང་ཉིད་ལ་དབང་བའི་ཁང་པའི་ཕུགས་འདུན་དེ་2015ལོར་མངོན་འགྱུར་ཡོང་ཤས་ཆེ།
འདི་ལོའི་འགན་ལེན་རང་བཞིན་གྱི་སྡོད་ཁང་ལེགས་གྲས་དམིགས་ཚད་དེ་ན་ནིང་གི་རྨང་གཞིའི་ཐོག་ཁང་པ་ཆ་ཚང་ཁྲི་40འཕར་བ་དང་སྡོད་ཁང་སྐྱོ་ཁུལ་དང་ཉེན་ཁ་ཡོད་པའི་ཁང་པ་སྒྱུར་བཀོད་ཀྱང་དུད་ཚང་ཁྲི་100ཡང་འཕར་ཡོད། དེའི་ཐོག་ནས་མང་ཚོགས་དེ་བས་མང་བ་ཞིག་འདི་ལོར་ཉེན་ཁ་མེད་པའི་ཁང་པ་གསར་པར་སྤོ་ཐུབ་པའི་རེ་བ་ཡོད།