དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྲིད་ཇུས་དྲིལ་བསྒྲགས་ཀྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-13

    ལན། རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནི་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་སྨན་རིན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱས་ཏེ་སྲིད་གཞུང་དང་། མཉམ་སྡེབ། མི་སྒེར་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱིས་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གྲབས་གསོག་བྱས་ཏེ་ནད་གཞི་ལྕི་རིགས་ཀྱི་སྤྱི་འདོམས་དང་སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་གི་རྩིས་ཐོ་དང་སྨན་བཅོས་ཀྱི་ཉེན་ཁའི་ཐེབས་རྩ་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཞིང་འབྲོག་པའི་གཞི་རྩའི་སྨན་བཅོས་འགན་ལེན་ལམ་ལུགས་ཤིག་རེད།

    ནང་སའི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་དང་དབྱེ་བ་གང་ཞིག་ཡོད།

    ལན། རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནི་སྨན་རིན་མི་དགོས་པའི་སྨན་བཅོས་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པ་དང་། སྲིད་གཞུང་གིས་མ་དངུལ་གཙོ་བོ་བཏང་བ་དང་ཞིང་འབྲོག་པས་མི་སྒེར་གྱི་གྲབས་དངུལ་མ་བསྐྱལ་རུང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལོངས་སུ་སྤྱོད་ཆོག་པ་དེ་ནང་སའི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་དང་འདྲ་གི་མེད་པ་དེ་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ཞིང་འབྲོག་པར་དམིགས་བསལ་ཐུགས་ཁུར་གནང་བ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།