སྤྱི་ལོ་2010ལོའི་ཚུན་དུ། རང་ལྗོངས་ཀྱི་ཞིང་འབྲོག་ཚན་པས་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ལ་ནས་དང་སྔོ་ཚལ། བོད་བྱ་སོགས་རིགས་12ཀྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་450ལྷག་ཙམ་བཀོད་སྒྲིག་ལག་བསྟར་བྱས་པས་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཞིང་འབྲོག་ཁྱད་ལྡན་ཐོན་ལས་ཀྱི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད་པ་རེད། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འདི་ཉིད། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་དང་ཞིང་འབྲོག་ལས་ཐད་ཐོན་འཕར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ནས་ཞིང་འབྲོག་ཐོན་ལས་ཅན་དུ་གཉེར་སྐྱོང་བྱེད་ཚད་བརྒྱ་ཆ་38.6ཟིན་ཡོད་པ་རེད།