
འདི་ནི་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཡིན་པའི་བོད་རིགས་ཀྱི་པང་གདན་དང་ཁ་གདན་ལག་ཤེས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་སྤེན་རྡོར་གྱིས“ཕོ་བྲང་པོ་ཏ་ལའི”འགེལ་རུམ་གྱི་བཟོ་རྩལ་ངོ་སྤྲོད་བྱེད་པའི་གནས་ཚུལ་ཡིན་པ།
རྒྱལ་རྩེ་ནི་བོད་དུ་སྐད་གྲགས་ལྡན་པའི་ཁ་གདན་ཐོན་ཡུལ་ཡིན་པ་དང་རྒྱལ་རྩེའི་ཁ་གདན་གྱི་ཚགས་དམ་ལ་ཁུངས་ཐུབ་ཅིང་།རི་མོར་ཡང་མི་རིགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་ལྡན་པ་མ་ཟད།ཚོན་མདོག་རྣམ་པར་བཀྲ་བས་ལོ་ངོ་900ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།མིང་དང་ཆིང་རྒྱལ་རབས་ཀྱི་དུས་སུ་རྒྱལ་རྩེའི་ཁ་གདན་ནི་བོད་ཀྱི་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱིས་གོང་མ་ཚང་དུ་འབུལ་བའི་འབུལ་རྟེན་གཙོ་བོ་རེད།2011ལོར་བོད་ཀྱི་རྒྱལ་རྩེ་རྫོང་རུམ་འཐག་བཟོ་གྲྭ་དེར་རིག་གནས་པུའུ་ཡིས“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞིའི”མཚན་སྙན་གནང་བ་རེད།