དབུ་ཤོག>ཞིང་འབྲོག་གསར་པ།
  • ཡོབ་ལ་བརྟེན་ནས་ས་མཐོའི་རི་ཀླུང་སྒྲོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    01.jpg

    ལོ་ངོ་400ཙམ་གྱི་ལོ་རྒྱུས་ཡོད་པའི་དམག་དཔོན་གྱིས་སྤྱོད་པའི་ཡོབ་ཡིན་པ།

    02.jpg

    ཆེས་སྔ་མོའི་ཡོབ་ཀྱི་གྲས་ཤིག་ཡིན་པ།

    03.jpg

    ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་སྤྱོད་ཡོབ་ཡིན་པ།

    04.jpg

    ལོ་ངོ་200ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་ཡོབ་ཅིག་ཡིན་པ།

    མཚོ་བོད་ས་མཐོའི་སྐོར་བརྗོད་ན་མི་རྣམས་ཀྱི་སྣང་ངོར་དཀར་གཙང་གི་གངས་རི་དང་།རྒྱ་ཆེ་བའི་རྩྭ་ཐང་།རི་ཀླུང་ཀུན་ལ་ཁྱབ་པའི་ནོར་ལུག་དག་འཆར་ངེས་རེད།འོན་ཀྱང་དེ་གའི་རིག་གནས་སྣང་ཚུལ་ནི་བརྗོད་ལས་འདས་པ་ཞིག་ཡོད།དེ་ཡང་མི་རྣམས་ཀྱིས་སོག་པོར་རྟ་ཐོག་གི་མི་རིགས་ཞེས་བརྗོད་ཀྱི་ཡོད་རུང་དོན་དངོས་ཐོག་བོད་རིགས་སྤུན་ཟླ་ཚོ་ཡང་རྟ་ཐོག་གི་མི་རིགས་ཤིག་ཡིན།གནའ་ནས་ད་བར་ཁོང་ཚོས་ནོར་ལུག་གི་ཤ་བཟའ་བ་དང་།རྟ་ལ་བཞོན་པ།ལ་གླུ་སྙན་པོ་གཏོང་བཞིན་ས་མཐོའི་རི་ཀླུང་འགྲིམ་གྱི་ཡོད་ལ་རྟ་འཚོ་སྐྱོང་གི་ཐད་ས་མཐོའི་མི་རྣམས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད་པ་རེད།འདི་གར་སྐབས་སུ་བབ་པ་ནི་རྟ་འཚོ་སྐྱོང་དང་འབྲེལ་བ་ཆེར་མེད་རུང་རྟ་ཆས་ཀྱི་ནང་ཚན་ཡོབ་ངོ་སྤྲོད་བྱ་རྒྱུ་ཡིན་ཞིང་།ཡོབ་ནི་དེ་ཙམ་མངོན་གསལ་དོད་པོ་མེད་རུང་གལ་འགངས་ཆེ་བས་དེ་མེད་ན་རྟ་ལ་བཞོན་ཐབས་མེད་ལ་ཁ་ལོ་སྒྱུར་ཐབས་དེ་བས་ཀྱང་མེད།ས་མཐོའི་མི་རྣམས་ཀྱིས་སེམས་ནུས་ཆེན་པོ་བཏོན་ནས་ཇེ་མཛེས་ཇེ་ལེགས་སུ་བཏང་ཡོད།མ་གཞི་ཡོབ་ཀྱི་རྨང་གཞིའི་བཟོ་ལྟ་གཅིག་མཚུངས་ཡིན་རུང་དེར་ས་མཐོའི་མི་རྣམས་ཀྱི་ཚད་མཐོའི་སྒྱུ་རྩལ་གྱི་རིན་ཐང་ལྡན་ཡོད་པས་རྒྱུ་ཆ་དང་རི་མོ་སྣ་ཚོགས་པ་ལས་བདག་པོའི་གནས་བབ་མཚོན་པར་བྱས་ཡོད།བར་སྐོར་ཁྲོམ་གཞུང་གི་གནའ་རྫས་ཚོང་རའི་ཐོག་སོ་གཉིས་པའི་གནའ་རྫས་ཚོང་ཁང་ཞིག་གི་སྦྱིན་བདག་བཀྲ་རྡོར་གྱིས་གསར་འགོད་པར་ཁོང་གིས་ཉར་ཚགས་བྱས་པའི་གནའ་བོའི་ཡོབ་ཁག་གཅིག་བསྟན་བྱུང་། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།